Towards a Higher Rural Life Insurance Compensation

གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ བདེ་སྒྲིག་འབད་དགོཔ་ཡོདཔ།

གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་ལས་རིམ་འདི་ མི་མང་ལུ་ ཉེན་བཅོལ་གྱི་འཐུས་མ་སྤྲོད་པའི་ཧེ་མར་ བདེ་སྒྲིག་འབད་དགོཔ་འདུག་ཟེར་བཤད་ཡོདཔ་ཨིན། དེ་ཡང་ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༡༦ ལུ་ དངུལ་རྩིས་བློན་པོ་རྣམ་རྒྱལ་ཚེ་རིང་གིས་ རྒྱལ་ཡོངས་ཚོགས་འདུས་ཀྱི་ དྲི་བཀོད་ལས་རིམ་སྐབས་བཤད་ཡོདཔ་ཨིན།

གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ བདེ་སྒྲིག་འབད་དགོ་པའི་སྐོར་ཡང་ ཆུ་མིག་ཨུ་རའི་འདེམས་ཁོངས་ཀྱི་འཐུས་མི་ སྐར་མ་དབང་ཕྱུག་གིས་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་དེ་ ཡར་སེང་འབད་དགོ་པའི་སྐོར་དྲི་བ་ཡོདཔ་ཨིན། འཐུས་མི་གིས་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་དེ་ དངུལ་ཀྲམ་ ༣༠,༠༠༠ ལས་ མང་མཐའ་དངུལ་ཀྲམ་ ༢༠༠,༠༠༠ ལུ་སེང་དགོ་པའི་སྐོར་བཤད་ཡོདཔ་ཨིན།

དེ་ཡི་ལན་ལུ་ དངུལ་རྩིས་བློན་པོ་གིས་སླབ་མིའི་ནང་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ སེང་ནིའི་དཀའ་ངལ་མེད་རུང་ ཉེན་བཅོལ་དེ་ ཁྲོམ་ཁའི་མི་ཚུ་གི་དོན་ལུ་མེན་པར་ གྲོང་གསེབ་ཀྱི་དོན་ལུ་ཨིནམ་ལས་ སྤྲོད་ཐངས་འདི་ བདེ་སྒྲིག་འབད་དགོཔ་འདུག་ཟེར་ཨིན་མས།

ད་ལྟོ་འབད་བ་ཅིན་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ མི་རེ་གིས དངུལ་ཀྲམ་ ༨༧ དེ་རེ་སྤྲོད་དོ་ཨིནམ་ད་ དངུལ་ཀྲམ་ ༡༠༨ འདི་གཞུང་གིས་ སྤྲོད་དོ་ཨིན་མས།

གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ལས་རིམ་གྱིས་ ན་ཧིང་གི་ལོ་ནང་ ཉེན་བཅོལ་དངུལ་ཀྲམ་ས་ཡ་ ༦༧ དེ་ཅིག་སྤྲེད་དེ་ རྒྱལ་ཁབ་ཀྱི་མི་རློབས་ བརྒྱ་ཆ་ ༩༠ ལུ་ཁྱབ་ཡོད་པའི་གནས་ཚུལ།

གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ཡར་སེང་གྱི་སྐོར་ལས་ གཞུང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་གཉིས་གྲོས་བསྟུན་འབད་དོ་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།

Scroll to Top