རྒྱལ་ཡོངས་ཚོགས་སྡེའི་གཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་གྲངས་ཁ་ཡར་སེང་སོང་ཡོདཔ།

རྒྱལ་ཡོངས་ཚོགས་སྡེའི་གཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་གྲངས་ཁ་ཡར་སེང་སོང་ཡོདཔ།

སྤྱི་ལོ་ ༢༠༢༣ ལོའི་ རྒྱལ་ཡོངས་ཚོགས་སྡེའི་གཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་གི་གྲངས་ཁ་དེ་ ཡར་སེང་སོང་ཡོདཔ་ཨིན་མས། དུས་ཅི་གཙག་འཐུའི་སྐབས་ལུ་ ཧེ་མ་བཟུམ་སྦེ་འགྲེམས་ཐོག་ཚོགས་རྒྱན་གྱི་ཞབས་ཏོག་མེདཔ་ལས་ ཚོགས་རྒྱན་བཙུགས་མི་གི་མི་བོར་དེ་ མར་ཕརཔ་འགྱོ་འོང་ཟེར་བའི་ཚ་གྱང་ཡོད་རུང་ ཚོགས་རྒྱན་གཙུག་མི་གིས་ གྱངས་ཁ་དེ་ཡར་སེང་སོང་ཡོད་པའི་ཤེས་རྟོགས་བྱུང་ཡོདཔ་ཨིན་མས།

བཙག་འཐུ་གི་ཉིནམ་ནང་ ཚོགས་རྒྱན་བཙུགས་མི་ མ་གྲངས་ ༢,༦༥,༤༤༡ ལྷོད་ཡོདཔ་ཨིན་མས། ཧེ་མའི་བཙག་འཐུ་ ཚོགས་རྒྱན་བཙུགས་མི མི་གྲངས་ ༢,༣༤,༥༣༥ ཡོདཔ་ད་ མི་གྲངས་ ༣༠,༩༠༦ གིས་ཡར་སེང་སོང་དེ་ བརྒྱ་ཆ་ ༡༡་༦༤ དེམ་ཅིག་གིས་ ཡར་སེང་སོང་ཡོདཔ་ཨིན་མས།

ཨིན་རུང་ སྤྱི་ལོ་ ༢༠༡༨ ནང་ འཕྲུལ་ཆས་ཐོག་ཚོགས་རྒྱན་དེ་ ༡,༦༩,༦༢༣ བཙུགས་ཡོདཔ་ད་ སྤྱི་ལོ་ ༢༠༢༣ ནང་ ༡,༦༨,༨༦༩ དེམ་ཅིག་ལྷོད་དེ་ ཚོགས་རྒྱན་ ༧༥༤ དེམ་ཅིག་གིས་ མར་འབབ་ཡོདཔ་ཨིན་མས། དེ་ལས་འགྲེམས་ཐོག་ཚོགས་རྒྱན་དེ་ སྤྱི་ལོ་ ༢༠༡༨ ནང་ ཚོགས་རྒྱན་ ༦༤,༩༡༢ བཙུགས་ཡོདཔ་ད་ སྤྱི་ལོ་ ༢༠༢༣ ནང་ ༩༦,༥༧༢ དེམ་ཅིག་བཙུགས་ཡོདཔ་ལས་ ཚོགས་རྒྱན་ ༣༡,༦༦༠ དེམ་ཅིག་གིས་ ཡར་སེང་སོང་ཡོདཔ་ཨིན་མས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ཐེངས་ ༤ པའི་བཙག་འཐུ་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་ ༤,༨༥,༨༡༡ དེ་ཅིག་ཐོ་བཀོད་འབད་དེ་ཡོདཔ་ཨིན་མས། དེ་ལུ་ ཕོ་རྒས་ ༢,༣༦,༧༣༩ དང་ ཨམ་སྲུ་ ༢,༤༩,༠༧༢ གིས་ ཐོ་བཀོད་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།