རྒྱལ་ཡོངས་ཚོགས་འདུའི་ཚོགས་ཐེངས་ ༨ པ་ནང་ དཔྱད་ཡིག་མང་རབས་ཅིག་བརྩིས་ཏེ་ རྒྱལ་སྤྱིའི་ཐབས་ལམ་ཚུ་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་ཡོདཔ་ ཨིན་མས།
ཆ་འཇོག་གྲུབ་སྟེ་ མི་དབང་མངའ་བདག་རིན་པོ་ཆེའི་བཀའ་གྲོལ་གྱི་དོན་ལུ་ ཕུལ་ནི་ཨིན་མི་དཔྱད་ཡིག་ཚུ་ཡང་ འབྲུག་གི་ཞི་གཡོག་ལེགས་སྒྱུར་གྱི་དཔྱད་ཡིག་ ༢༠༢༢ ཅན་མ་དང་ འབྲུག་གི་ཁྲལ་གྱི་དཔྱད་ཡིག་༢༠༢༢ ཅན་མ་ དེ་ལས་ འབྲུག་གི་རྒྱུ་དངོས་ཁྲལ་གྱི་དཔྱད་ཡིག་༢༠༢༢ ཅན་མ་ འབྲུག་གི་དངུལ་ཕོག་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མ་ རྒྱལ་གཞུང་འབྲུག་གི་འགག་སྡེ་ འཕྲི་སྣོན་དཔྱད་ཡིག་༢༠༢༢ ཅན་མ་ཚུ་ཨིན་མས།
དེ་མ་ཚད་ འཛམ་གླིང་སྤྱི་ཚོགས་ཀྱི་ རྒྱལ་ཁབ་གཅིག་ལས་གཅིག་བརྒྱུད་པའི་ གོ་སྒྲིག་ཅན་གྱི་ཉེས་ལས་བཀག་ཐབས་ཀྱི་མཐུན་གྲོས་དང་ སྐྱེ་བོ་ཉེས་ཚོང་ དམིགས་བསལ་ ཨམ་སྲུ་དང་ཨ་ལོ་ནག་ཚོང་ སྔོན་འགོག་ བཙན་གནོན་དང་ ཉེས་ཁྲིམས་བཀལ་ནིའི་དཔྱད་ཡིག་གན་འཛིན་ རྒྱལ་སྤྱིའི་ཐབས་ལམ་ཚུ་ཡང་ རྒྱབ་སྣོན་ཆ་འཇོག་འབད་ཡོདཔ་ཨིན་མས།
འབྲུག་གི་རྒྱལ་སྲུང་བཅའ་ཁྲིམས་ ༢༠༢༢ ཅན་མ་ཡང་ ཆ་འཇོག་གྲུབ་སྟེ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བསྟར་སྤྱོད་ཀྱི་ བཀའ་གྲོལ་ཡང་གནང་ཡོདཔ་ཨིན་མས།
དེ་ལས་ རྒྱལ་ཡོངས་ཚོགས་སྡེ་ལས་བྱུང་ཡོད་མི་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་ ༢༠༢༢ ཅན་མ་ཡང་ ཆ་འཇོག་གྲུབ་སྟེ་ བསྐྱར་གྲོས་ཀྱི་དོན་ལུ་ ལོག་གཏང་ཡོདཔ་ཨིན་མས།
ཚོགས་ཁང་གིས་ འབྲུག་གི་ནགས་ཚལ་དང་ རང་བཞིན་ཉམས་སྲུང་དཔྱད་ཡིག་ ༢༠༢༡ ཅན་མ་གུ་ བསྐྱར་གྲོས་གནང་སྟེ་ ཚོགས་ཁང་གཉིས་ཀྱི་བར་ན་ མོས་མཐུན་བྱུང་མ་ཚུགས་པའི་ དོན་ཚན་ཁག་ ༣༠ དེ་ཅིག་ཐོན་ཡོདཔ་ཨིན་མས། དེ་ལུ་ མི་དབང་མངའ་བདག་རིན་པོ༌ཆེའི༌ཞབས་ལས་ ལྷན་བཞུགས་ཀྱི་ བཀའ་གྲོལ་ཞུ་སྟེ་ ཤུལ་མའི་གནམ་བྱཱའི་ཚོགས་ཐེངས་ནང་ ལྷན་བཞུགས་གསུང་གྲོས་གནང་ནི་ཨིན་མས།
སྤྱི་ཚོགས་ལྷན་བཞུགས་ནང་ དམང་རྩིས་ཚོགས་ཆུང་གིས་གྲོས་འདེབས་ཚུ་ཆ་འཇོག་གྲུབ་ཡོདཔ་ཨིན་མས། དེ་ཚུ་ཡང་ འབྲུག་གི་སོ་ནམ་ཞིང་ལམ་གོང་འཕེལ་དང་ འཛིན་སྐྱོང་གི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་བསྐྱར་ཞིབ་སྙན་ཞུ་དང་ ལམ་འགྲུལ་སྐྱེལ་འདྲེན་ཡུན་བརྟན་དང་ ཉེན་སྲུང་ལམ་ལུགས་ཀྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུའི་བསྐྱར་ཞིབ་ཀྱི་སྙན་ཞུ་གཉིས་ཆ་འཇོག་གྲུབ་ཡོདཔ་ཨིན་མས།
འབྲུག་གི་སོ་ནམ་ཞིང་ལམ་གོང་འཕེལ་དང་འཛིན་སྐྱོང་གི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ནང་ འབྲུག་གི་ལམ་བཅའ་ཁྲིམས ༢༠༡༣ ཅན་མ་དང་འཁྲིལ་ཏེ་ ལམ་སེལ་ལས་ཁུངས་ཀྱིས་ ཐབས་གྱུས་བདེ་སྒྲིག་སྐྱར་ཞིབ་འབད་དགོཔ་དང་ བཟོ་སྐྲུན་དང་ རྒྱུན་སྐྱོང་ ལེགས་སྒྱུར་ བརྟག་ཞིབ་འབད་དགོ་པའི་ གྲོས་འདེབས་ཚུ་ ཕུལ་ཡོདཔ་ཨིན་མས།
དེ་མ་ཚད་ ལམ་འགྲུལ་སྐྱེལ་འདྲེན༌ཡུན་བརྟན་དང་ ཉེན་སྲུང་ལམ་ལུགས་ཀྱི་ལས་འབྲེལ་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་ཐོག་ལུ་ གྲོས་འདེབས་འཁོད་མི་ཚུ་ཡང་ ཆ་འཇོག་གྲུབ་ཡོདཔ་ཨིན་མས། དེ་ལས་ ཁྲོམ་སྡེའི་མི་མང་སྐྱེལ་འདྲེན་ལམ་ལུགས་ཚུ་ ཡར་རྒྱས་གཏང་དགོཔ་དང་ སྤུས་ཚད་དང་ཉེན་སྲུང་ལྡན་པའི་ སྲིད་བྱུས་ ཐབས་ལམ་སྒྲིག་དགོ་པའི་ གྲོས་འདེབས་ཕུལ་ཡོདཔ་ཨིན་མས།
ལོ་ལྟར་རྩིས་ཞིབ་སྙན་ཞུ་ ༢༠༢༡-༢༢ ཅན་མ་དང་ ཞིང་ཆུ་ལམ་ལུགས་ཀྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཁག་གཉིསཔོ་དེ་ཡང་ གསལ་སྟོན་མཛད་དེ་ བསྐྱར་ཞིབ་ཀྱི་དོན་ལུ་ དམངས་རྩིས་ཚོགས་ཆུང་ལུ་སྤྲོད་ཡོདཔ་ད་ གསུང་གྲོས་ཡང་ སྤྱི་ལོ་ ༢༠༢༣ གནམ་བྱཱའི་ཚོགས་ཐེངས་ནང་ གནང་ནི་ཨིན་པའི་གནས་ཚུལ།

རྒྱལ་ཡོངས་ཚོགས་འདུའི་ནང་ དཔྱད་ཡིག་མང་རབས་ཅིག་ཆ་འཇོག་གྲུབ་ཡོདཔ།
- December 10, 2022
- 1:24 pm
- No Comments
Stay Connected
Latest News
The Vote That Should Wake the Government
August 24, 2026 No Comments

Thousands of Hearts, One Shared Purpose: Project 108 Crowdfunding Becomes a Collective Offering
August 24, 2026 No Comments

Tax, Trade Barriers Emerge as Common Concerns During MoICE Consultations
August 24, 2026 No Comments










