Indian support sought for the Economic Stimulus Fund

གཞུང་གིས་ ལོ་ལྟར་བཞིན་དུ་ ལྟ་བཤལ་པའི་གྱངས་ཁ་ ༣༠༠ ༠༠༠ གུ་ཡར་སེང་གཏང་ནི་ཨིནམ།

གཞུང་གསརཔ་གིས་ བལྟ་བཤལ་ལས་སྡེ་འདི་ རྒྱལ་ཁབ་ནང་ འོང་འབབ་མཟོ་ནི་དང་ གཡོག་སྤྲོད་ནིའི་ལུ་ ཁག་ཆེ་བིའི་གཞིི་རྟེན་ཅིག་ཨིནམ་ལས་ གཞུང་གིས་ ལོ་ལྟར་བཞིན་དུ་ ལྟ་བཤལ་པའི་གྱངས་ཁ་ ༣༠༠ ༠༠༠ གུ་ཡར་སེང་གཏང་ནི་ཨིན་མས། དེ་ཡང་ གཞུང་དབུ་བརྙེས་པའི་ཤུལ་ལས་ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༢༩ ལུ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཚུ་གི་བར་ན་ ཞལ་འཛོམས་ཚོགསཔ་ད་ ཕྱི་འབྲེལ་བློན་པོ་ དི་ན་ ནཐ་ཌུང་རྒྱལ་གྱིས་བཤད་ཡོདཔ་ཨིན།

དེ་གི་དོན་ལུ་ བློན་པོ་གིས་འབད་བ་ཅིན་ གོང་འཕེལ་གྱི་འཆར་གཞི་དང་ལས་སྣ་ཚུ་འགོ་བཙུགས་ཡོད་ཟེར་ཨིན་མས། ལས་སྣ་ཚུ་ད་ལྟོའི་གནས་སྟངས་དང་བསྟུན་པ་ཅིན་ ལཱ་ཁག་གཏང་ནི་ཨིན་རུང་ ཁས་བླངས་གྲུབ་ཚུགས་ཟེར་ཨིན་མས།

བློན་པོ་གིས་སླབ་མི་ནང་ ལྟ་བཤལ་པའི་གྱངས་ཁ་ ༣༠༠ ༠༠༠ ལས་ སྡེ་ཚན་གཉིས་སྦེ་དབྱེ་ཁ་ཕྱེ་དེ་ ལུང་ཕྱོགས་ཀྱི་ལྟ་བཤལ་པ་ ༡༥༠ ༠༠༠ དང་ འཐུས་ཌོ་ལར་སྤྲོད་མི་རྒྱལ་སྤྱིའི་ལྟ་བཤལ་པ་ ༡༥༠ ༠༠༠ དེམ་ཅིག་ ལྷོད་ཚུགས་སྦེ་འབད་ནི་ཟེར་ཨིན་མས།

ཐབས་བྱུས་གསརཔ་གཅིག་དེ་ འབྲུག་གཞུང་གིས་ སྐུ་ཚབ་ཡིག་ཚང་ནང་ལས་ཕར་ རྒྱལ་ཁབ་ནང་ལྟ་བཤལ་གོང་འཕེལ་གཏང་ནི་དང་ ལྟ་བཤལ་པའི་གྱངས་ཁ་ཡར་སེང་གཏང་ནིའི་དོན་ལུ་ ཡི་གུ་གཏང་ཡི་ཟེར་ཨིན་མས། དེ་ལས་ བློན་པོ་གིས་སླབ་མིའི་ནང་ ལྟ་བཤལ་ཡར་དྲག་གཏང་ནིའི་དོན་ལུ་ མ་དངུལ་དགོ་ནི་ཨིནམ་ལས་ དེ་ཡི་སྐོར་ལས་ རྒྱལ་ཁབ་གཞན་ཚུ་དང་གཅིག་ཁར་གསུང་གྲོས་ཡང་གནང་དོ་ཡོད་པའི་སྒང་ཡོད་ཟེར་ཨིན་མས།

དེ་བཟུམ་སྦེ་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གིི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིིས་སླབ་མིའི་ནང་ འདས་པའི་ལོ་ནང་ རྒྱལ་སྤྱིའི་ལྟ་བཤལ་པ་ ༡༠༠༠༠༠ ལས་ རྒྱ་ཆ་ ༧༠ དེམ་ཅིག་ ལུང་ཕྱོགས་ཀྱི་ལྟ་བཤལ་འོང་ཡོདཔ་ཨིན་མས།

བློན་པོ་གིས་འབད་བ་ཅིན་ ལྟ་བཤལ་པའི་གྱངས་ཁ་ཡར་དྲག་གཏང་ནིའི་དོན་ལུ་ འབྲེལ་བ་ཡོད་པའི་ལས་སྡེ་གཅིག་ཁར་ རྒྱལ་སྤྱིའི་ཚོང་ལམ་དང་ ཐབས་ལམ་ཚུ་གི་ གོ་སྐབས་ལྟ་དོ་ཟེར་ཨིན་མས།་དེ་ནང་ སྐྱོད་ཐམ་འབྲེལ་བའི་དཀའ་ངལ་བསལ་ཐབས་ཚུ་ལྟ་དོ་ཟེར་ཨིན་མས།

བློན་ཆེན་ཚེ་རིང་སྟབས་རྒྱས་ཀྱིས་སླབ་མིའི་ནང་ སྐྱོད་ཐམ་གྱི་ཞབས་ཏོག་ ཆུ་ཚོད་ ༢༤ གི་རིང་ཡོངས་འབྲེལ་ཐོག་སྤྲོད་ནི་དང་ བདུན་ཕྲག་དང་ གཞུང་གི་ངལ་གསོའི་སྐབས་ལུ་ཡང་སྤྲོད་ནི་ཨིན་ཟེར་བའི་གནས་ཚུལ།

སངས་རྒྱས་རབ་བརྟན།