Nu 907mn approved for 213 projects through NCGS
News

རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་བརྒྱུད་དེ་ ལས་འགུལ་ ༢༡༣ གི་དོན་ལུ་ མ་དངུལ་ ས་ཡ་༩༠༧,༡༧ ཆ་འཇོག་འབད་ཡོདཔ།

རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ ནད་ཡམས་ཀྱིས་བྱེམ་ཕོག་པའི་ཤུལ་ལས་ མུ་མཐུད་དེ་ ལེགས་ཤོམ་བཞག་ནིའི་དོན་ལུ་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་བརྒྱུད་དེ་ གཞུང་གིས་ལས་འགུལ་ ༢༡༣ གི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༩༠༧་༡༧ ཆ་འཇོག་འབད་དེ་ཡོདཔ་ཨིན་མས། ཚོང་ལཱ་ཚུ་ལུ་ བཏེག་གསོ་འབད་ནིའི་དོན་ལུ་ འཕྲལ་གྱི་ཐབས་ལམ་བཟུམ་ཅིག་སྦེ་ ལོ་གསུམ་གྱི་དོན་ལུ་ འགན་ལམ་འགོ་བཙུགས་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་ ༩ པའི་ནང་མཇུག་བསྡུ་ནིའི་ཨིན་ལས་ 

Scroll to Top