པདྨ་དགའ་ཚལ་ལུ་ ཆར་རླུང་གིས་ ལོ་ཐོག་མེདཔ་གཏང་ཡོདཔ།

པདྨ་དགའ་ཚལ་རྫོང་ཁག་ནང་ རྒེད་འོག་བཞི་ནང་ལས་ཕར་ རླུང་འཚུབ་ཀྱིས་ ལོ་ཐོག་ཚུ་མེདཔ་གཏང་ཡོདཔ་ཨིན་མས། དེ་ཡང་ སྤྱི་ཟླ་དེ་ཡི་སྤྱི་ཚེས་ ༢༤ འི་ཕྱི་རུ་ རྫོང་ཁག་དེ་ནང་གི་ རྒེད་འོག་བཞི་ནང་ལུ་ ཆར་རླུང་གིས་ གེ་ཟ་ཞིང་ དེ་ལས་ གཞན་མི་ལོ་ཐོག་ཞིང་ཨེ་ཀར་ ༦༠ དེམ་ཅིག་ མེདཔ་གཏང་ཡོདཔ་ཨིན་མས། རྫོང་ཁག་རྐྱེན་ངན་འཛིན་སྐྱོང་གི་ སྙན་ཞུ་ལྟར་དུ་འབད་བ་ཅིན་ རྒེད་འོག་བཞི་ནང་ ཁྱིམ་གུང་པ་ ༨༠ དེམ་ཅིག་གི་ ལོ་ཐོག་ཞིང་ ཨེ་ཀར་ ༨༠ དེམ་ཅིག་ མེདཔ་གཏང་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་མས། རྫོང་ཁག་རྐྱེན་ངན་འཛིན་སྐྱོང་ཡིག་ཚང་ནང་ བདེ་ཆེན་གླིང་དང་ གདུང་མིན་ དེ་ལས་ གཡུ་རུང་དང་ ཕྱི་མུང་རྒེད་འོག་ཚུ་ནང་ལས་ཕར་ རླུང་འཚུབ་ཀྱིས་ ལོ་ཐོག་མེདཔ་གཏང་ཡོད་པའི་སྙན་ཞུ་ལྷོད་ཡོདཔ་ཨིན་མས། ཨིན་རུང་ རླུང་འཚུབ་ཀྱིས་ མི་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་རྐྱེན་རྐྱབ་ཡོད་པའི་ སྙན་ཞུ་མེདཔ་ཨིན་མས། སྙན་ཞུ་ལྟར་དུ་འབད་བ་ཅིན་ རླུང་འཚུབ་ཀྱིས་ ལོ་ཐོག་མངམ་ར་ བདེ་ཆེན་གླིང་རྒེད་འོག་ནང་ མེདཔ་གཏང་ཡོད་པའི་སྙན་ཞུ་ལྷོད་ཡོདཔ་ཨིན་མས། བདེ་ཆེན་གླིང་རྒེད་འོག་ཡིག་ཚང་གི་ སྙན་ཞུ་ལྟར་དུ་འབད་བ་ཅིན་ རླུང་འཚུབ་ཀྱིས་ ཁྱིམ་གུང་པ་ ༢༧ དེམ་ཅིག་གི་ གེ་ཟ་ཞིང་ […]