སྤྱི་ལོ་ ༢༠༢༣ ནང་ འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཀྱིས་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ མ་དངུལ་ཡུ་ཨེས་ཌོ་ལར་ ས་ཡ་ ༣༥ ལྷགབ་ཅིག་ རྒྱབ་སྐྱོར་འབད་ཡོདཔ།

འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ སྤྱི་ལོ་༢༠༢༣ ནང་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ མ་དངུལ་ཡུ་ཨེས་ཌོ་ལར་ ས་ཡ་ ༣༥་༥༧ དེམ་ཅིག་ རྒྱབ་སྐྱོར་འབད་དེ་ཡོདཔ་ཨིན་མས། འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་ རྩིས་ལོ་ ༢༠༢༣ འི་ལོའི་རྒྱལ་ཁབ་ཀྱི་གྲུབ་འབྲས་སྙན་ཞུ་དང་འཁྲིལ་བ་ཅིན་ ཡུ་ཨེས་ཌོ་ལར་ ས་ཡ་ ༢༡་༩ དེམ་ཅིག་ ལག་སྤྱོད་འབད་ཡོདཔ་ཨིན་མས།

འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ རྒྱབ་སྐྱོར་གཙོ་བོ་ར་ཆ་ཚང་བའི་གོང་འཕེལ་གྱི་དོན་ལུ་ གནས་སྡུད་འཛིན་སྐྱོང་དང་ གཞུང་སྐྱོང་ཡར་དྲག་གཏང་ནིའི་ནང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་མས། དེ་གིས་ རྒྱལ་ཁབ་ནང་ ཡིད་ཆེས་ཚུགས་པའི་རྩིས་དཔྱད་གནས་སྡུད་ལམ་ལུགས་ཚུ་བཟོ་ཡོདཔ་ཨིན་མས། གནས་སྡུད་ལམ་ལུགས་ཀྱིས་ ལས་ཁུངས་ཀྱི་གནས་སྡུད་ཚུ་ འཇམ་ཏོང་ཏོ་སྦེ་འཐོབ་ཚུགསཔ་བཟོ་དེ་ སྒྲུབ་བྱེད་ལྡན་པའི་གཞི་སྟེགས་ཐོག་ ཐག་གཅད་འགྲོ་ལུགས་ནང་ཁེ་ཕན་འབྱུང་ནི་ཨིན་མས། དེ་གིས་ རྒྱལ་ཁབ་ནང་ རྐྱེན་ངན་ཚབས་ཆེན་དང་ གློ་བུར་ཉེན་འཚུབ་ཚུ་ འཛིན་སྐྱོང་ཡར་དྲག་ཐོག་ལས་གདོང་ལན་འབད་ནིའི་ནང་ ཕན་ཐོགས་ནི་ཨིན་མས།

གཞན་ཡང་  འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཀྱིས་ ཉེན་ཁ་ཡོད་པའི་མི་མང་ལུ་ མི་མང་ཞབས་ཏོག་ལྷོད་ལམ་འདྲ་མཉམ་འཐོབ་ཐབས་དང་ ཨ་ལུ་ཚུའི་ ཉེན་སྲུང་དང་ ཤེས་རིག་ དེ་ལས་གསོ་བ་དང་ ཟས་བཅུད་ཀྱི་དཀའ་ངལ་བསལ་ནི་ནང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་མས།

འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ སྤྱི་ལོ་ ༢༠༢༤ ནང་ཡང་ ཡུན་བརྟན་གོང་འཕེལ་གྱི་བརྩོན་ཤུགས་ནང་རྒྱབ་སྐྱོར་འབད་ནི་ཨིན་མས། རྒྱབ་སྐྱོར་ཡང་ གཙོ་བོ་ར་ ཡར་རྒྱས་ཉུང་སུ་འགྱོ་བའི་རྒྱལ་ཁབ་ཀྱི་གྲལ་ལས་ འོང་འབབ་བར་མའི་གྲལ་ལུ་འཕོ་སྒྱུར་འགྱོ་བའི་དུས་ཚོད་ནང་ སྟབས་བདེ་དྲགས་བཟོ་ནི་ནང་ བརྩོན་ཤུགས་བསྐྱེད་ནི་ཨིན་མས། དེ་ནང་ དབང་པོ་སྐྱོན་ཀྱི་ཅན་ཀྱི་ཐུན་གྲོས་བསྟར་སྤྱོད་འབད་དེ་ མི་མང་གེ་ར་གྲལ་ཚུད་ཚུགས་པའི་ཡར་རྒྱས་དང་ ནུས་ཤུགས་སྤྲོད་ནི་དང་ རྒྱལ་ཁབ་ཡར་རྒྱས་ཉུང་སུ་འགྱོ་བའི་རྒྱལ་ཁབ་ཀྱི་གྲལ་ལས་ འོང་འབབ་བར་མའི་གྲལ་ལུ་འཕོ་སྒྱུར་འགྱོ་བའི་དུས་ཚོད་ཀྱི་འགྱུར་རིམ་ནང་ རྒྱབ་སྐྱོར་འབད་ནི་ཨིན་མས།

འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ ཡར་རྒྱས་ཀྱི་དམིགས་དོན་དང་ དགོས་མཁོ་ཆེ་བའི་ལས་རིམ་ཚུ་ནང་ འབྲུག་གཞུང་ལུ་རྒྱབ་སྐྱོར་འབད་ནི་ཨིན་པའི་གནས་ཚུལ།

འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་ རྩིས་ལོ་ ༢༠༢༣ འི་ལོའི་རྒྱལ་ཁབ་ཀྱི་གྲུབ་འབྲས་སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་གཞུང་དང་ འཛམ་གླིང་སྤྱི་ཚོགས་མཉམ་འབྲེལ་ཐོག་ ལས་རིམ་ཚུ་གྲུབ་འབྲས་ཅན་སྦེ་ཐོན་ཡོད་པའི་རྟགས་ཚན་དང་ ད་ལས་ཕར་ཡང་ འཕྲོ་མཐུད་དེ་ཡར་རྒྱས་གཏང་ནི་ནང་ མ་འོངས་པའི་འཆར་གཞི་བཅུད་བསྡུས་ཚུ་བཏོན་དོ་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།