འབྲུག་གི་སྤྱི་ཚོགས་གསུམ་པའི་རྒྱལ་ཡོངས་ཚོགས་འདུའི་གནས་ཡུན་འདི་ སྤྱི་ལོ་ ༢༠༢༣ སྤྱི་ཟླ ༡༠ པའི་སྤྱི་ཚེས་ ༣༠ ལུ་ཚང་ནི་ཨིན་མས། སྤྱི་ལོ་ ༢༠༡༨ ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚཽགས་རྒྱན་བརྒྱ་ཆ་ ༥༥ ལྷག་ཙམ་ཐོབ་སྟེ་ འདེམས་ཁོངས་ ༣༠ ལས་རྒྱལ་ཁ་ཐོབ་པའི་ཤུལ་ལས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༡ པའི་སྤྱི་ཚེས་ ༦ ལུ་ ཞག་གྲངས་༡༠ གི་ཞུ་བ་ཕུལ་ནིའི་དུས་ཚོད་ཚང་བའི་ཤུལ་ལས་ གཞུང་དབུ་བརྙེསཔ་ཡོདཔ་ཨིན་མས། དེ་སྒང་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་ ༡༧ ནང་ལས་རྒྱལ་ཁ་ཐོབ་སྟེ་ སྤྱི་ཚོགས་གསུམ་པའི་ལྡོག་ཕྱོགས་ཚོགས་པ་སྦེ་དབུ་བརྙེསཔ་ཨིན་མས།
ལྷན་རྒྱས་གཞུང་ཚོགས་ཀྱི་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་༢༧ ལུ་ བརྡ་བརྒྱུད་ཞལ་འཛོམས་ནང་ བློན་ཆེན་བློས་གྲོས་ཚེ་རིང་གིས་སླབ་མིའི་ནང་ གཞུང་དབུ་བརྙེས་པའི་ཤུལ་ལས་ མི་དབང་མངའ་བདག་རིན་པོ་ཆེའི་དབུ་ཁྲིད་བླ་ན་མེད་པའི་འོག་ལུ་དང་ ལམ་སྟོན་བཟང་པོའི་འོག་ལུ་ གནས་ཡུན་རྐྱེན་བར་ཆད་ག་ནང་ཡང་མེད་པར་མཇུག་བསྡུ་ཚུགས་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་བཤད་ཡོདཔ་ཨིན།
གནས་ཚུལ་ཞལ་འཛོམས་ནང་ འབྲུག་མཉམ་རུམ་ཚོགས་པ་གིས་ སྤྱི་ལོ་ ༢༠༡༨ འི་བཙག་འཐུ་སྐབས་ཁས་བླངས་འབད་མི་འདི་ བརྒྱ་ཆ་ ༩༩ ལྷགཔ་ཅིག་གྲུབ་དེ་ཡོད་ཟེར་ཨིན་མས།
དེ་ཡང་ ཤེས་རིག་ཐད་ཁར་འབད་བ་ཅིན་ སློཔ་རིམ་ ༡༠ པ་ལས་ སློབ་རིམ་ ༡༡ པའི་ནང་འགྱོ་ནིའི་དོན་ལུ་ སྐུགས་ཚད་དགོཔ་སྦེ་ཡོད་མི་འདི་ ཆ་མེད་གཏང་སྟེ་ ཆ་མཉམ་གྱིས་ དཔེ་ཆ་འཕྲོ་མཐུད་དེ་ལྟ་ནི་ཐོབ་སྦེ་བཟོ་ཡོདཔ་ཨིན་མས། དེ་བཟུམ་སྦེ་སློབ་གྲྭ་ནང་ལས་ཕར་ གློག་རིག་ཡོངས་འབྲེལ་ཚུ་ཁྱབ་ཚུགས་ཅི་ཟེར་ཨིན་མས།
གསོ་བའི་ནང་འབད་བ་ཅིན་ རྒྱལ་ཁབ་ནང་འཁོད་ནང་ སྨན་ཁང་༡༡ དེམ་ཅིག་ནང་ གློག་པར་འཕྲུལ་ཆས་ཀྱི་ཞབས་ཏོག་ལྷོདཔ་སྦེ་བཟོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ སྨན་ཁང་གཉིས་ནང་རྐྱངམ་ཅིག་ཡོདཔ་ཨིན་མས། དེ་བཟུམ་སྦེ་ སི་ཀྲི་ཨིསི་ཀེན་ ནད་གཞི་ངོས་འཛིན་འབད་ནིའི་འཕྲུལ་ཆས་ བསམ་གྲུབ་ལྗོངས་ཁར་བདེ་བ་ཐང་དང་ བསམ་རྩེ་ལུ་གཞི་བཙུགས་འབད་དེ་ སྨན་ཁང་ལྔ་ནང་ཞབས་ཏོག་ཐོབ་ཚུགསཔ་སྦེ་བཟོ་ཡོདཔ་ཨིན་མས། གཞན་ཡང་ ཀེན་སར་ནད་གཞི་སྨན་བཅོས་འབད་ནིའི་དོན་ལུ་ཞབས་ཏོག་འགོ་བཙུགས་ཡོདཔ་ཨིན་མས། གཞུང་གིས་ལོ་ལྟར་བཞིན་དུ་ ཀེན་སེར་ནད་གཞི་སྨན་བཅོས་འབད་ནིའི་དོན་ལུ་ ཕྱིའི་རྒྱལ་ཁབ་ནང་གཏང་ནིའི་དོན་ལུ་ མ་དངུལ་དངུལ་ཀྲམ་ས་ཡ་ ༧༠༠ དང ༨༠༠ གི་བར་ན་བཞག་དོ་ཡོདཔ་ཨིན་རུང་དུས་ཅིའི་ལོ་ནང་འབད་བ་ཅིན་ ཟླཝ་ ༥ ནང་ར་ མ་དངུལ་བཟོ་ཡོདཔ་སྦེ་བཤད་ཡོདཔ་ཨིན་མས། ཞབས་ཏོག་གིས་ མ་དངུལ་གསོག་འཇོག་འབད་ཚུགས་ནི་ཨིན་མས།
དེ་བཟུམ་སྦེ་ མ་འོངས་ཡུན་བརྟན་སྦེ་ཕན་ཐོག་ནི་དོན་ལུ་དང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ཕན་གྲོགས་འབད་ཚུགས་ནི་དོན་ལུ་ རྒྱུ་དངོས་ཀྱི་ཁྲལ་གྱི་དཔྱད་ཡིག་དང་ ཁྲལ་གྱི་བཅའ་ཁྲིམས་བཞེངས་ཡོདཔ་སྦེ་བཤད་ཅི།
དེ་ལས་ འབྲུག་མཉམ་རུབ་ཚོགས་པའི་གཞུང་གི་གནས་ཡུན་སྐབས་ལུ་ གཞི་གཡོགཔ་དང་གཞུང་དབང་ལས་འཛིན་གྱི་ལས་གཡོགཔ་ཚུ་ལུ་དངུལ་ཕོག་ཡར་སེང་འབད་ཡོདཔ་ཨིན་མས། གཞན་ཡང་གློག་མེ་འཕྲུལ་ཁང་གི་ལས་འགུལ་འགོ་བཙུགས་སྟེ་ཡོད་ཟེར་བཤད་ཅི། དེ་ལས་སོ་ནམ་ནང་འབད་བ་ཅིན་ སོ་ནམ་ཐོན་སྐྱེད་ཡར་དྲག་གཏང་ཡོད་ཟེར་ཨིནམ་དང་ གཞན་གཞི་བསྒྱུར་གྱི་ཕྱག་ལཱ་ལེ་ཤ་འབད་ཡི་ཟེར་ཨིན་མས།
བརྡ་བརྒྱུད་ཞལ་འཛོམས་ནང་ བློན་ཆེན་གྱིས་ གཞུང་གིས་ཁས་བླངས་འབད་མི་འདི་ མངམ་ར་གྲུབ་ཡོད་རུང་ རེ་རེ་གཉིས་གཉིས་མ་འགྲུབ་པར་ལུས་མི་འདི་ གནས་སྟངས་བསྟུན་ བཀོག་བཞག་དགོཔ་འཐོན་ཡི་ཟེར་བའི་གནས་ཚུལ།
སངས་རྒྱས་རབ་བརྟན།