རྡོར་གདན་བཀྲ་ཤིས་ཐང་ནང་པའི་གཙུག་ལག་སློབ་གྲྭ་ནང་ དགའ་སྐྱིད་ནང་པའི་རིག་རྩལ་གྲོས་འཛོམས་ཐེངས་དང་པ་ཚོགས་ཡོདཔ།

རྡོར་གདན་བཀྲ་ཤིས་ཐང་ནང་པའི་གཙུག་ལག་སློབ་གྲྭ་ནང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༢༧ ལུ་ དགའ་སྐྱིད་ནང་པའི་རིག་རྩལ་གྲོས་འཛོམས་ཐེངས་དང་པ་ ཚོགས་ཡོདཔ་ཨིན། གྲོས་འཛོམས་འདི་ཡང་ གཞུང་གྲྭ་ཚང་གི་ལས་ཚོགས་སློབ་དཔོན་སངས་རྒྱས་རྡོ་རྗེ་གིས་ དབུ་བཞུགས་མཛད་གནང་ཡོདཔ་དང་ གྲོས་འཛོམས་འདི་ཡང་ གཞུང་གྲྭ་ཚང་གི་རྡོར་གདན་བཀྲ་ཤིས་ཐང་གཙུག་ལག་སློབ་གྲྭ་དང་ ཐའི་ལེནཌ་གི་མ་ཧ་ཅུ་ལོང་ཀོན་གཙུག་ལག་སློབ་གྲྭ་གི་ མཁས་དབང་དེ་ཚུ་གིས་ ཚོགས་གནང་ཡོདཔ་ཨིན།
དགའ་སྐྱིད་ནང་པའི་རིག་རྩལ་གྲོས་འཛོམས་ཡང་ ནང་པའི་སངས་རྒྱས་པའི་ལུགས་ལུ་ ཐེག་ཆེན་དང་ཐེག་དམན་ཟེར་ཡོད་རུང་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་མི་ལུ་གཞི་བཞག་པ་ཅིན་ ལྟ་བ་གཅིག་ཨིནམ་ལས་ ནང་ཆོས་ཐོག་ལས་འཛམ་གླིང་ནང་ ཞི་བདེ་ག་དེ་སྦེ་བཟོ་ནི་ཨིན་ན་སྐོར་ལས་ཚོགས་ཡོདཔ་ཨིནམ་མས།
ལས་ཚོགས་སློབ་དཔོན་གྱིས་ དགའ་སྐྱིད་ནང་པའི་རིག་རྩལ་གྲོས་འཛོམས་ཀྱི་ འགོ་འབྱེད་གསུང་བཤད་ནང་ རྒྱལ་ཁབ་གཞན་གི་མི་ཚུ་གིས་ འབྲུག་པའི་ནང་ཆོས་དང་ལམ་སྲོལ་ཚུ་ཧ་གོ་ཚུགས་ཟེར་ཨིན་མས།
དེ་ལས་ གྲོས་འཛོམས་ཚོགས་དགོ་པའི་དམིགས་ཡུལ་གཞང་ཡང་ ནང་པ་སངས་རྒྱས་པའི་ཆོས་སྡེ་ཚུ་གི་བར་ན་ ཤེས་ཡོན་བརྗེ་སོར་འབད་ནི་དང་ ནང་ཆོས་རིག་རྩལ་ཐོག་ལས་ དགའ་སྐྱིད་སྒྲུབ་ཐབས་དོན་ཚོགས་ཡོདཔ་ཨིན་མས།
ཐའི་ལེནཌ་གི་མ་ཧ་ཅུ་ལོང་ཀོན་གཙུག་ལག་སློབ་གྲྭ་གིས་ གཞུང་གྲྭ་ཚང་འོག་ལུ་ ཆོས་སྒོར་བཞུགས་མི་དགེ་འདུན་པ་ཚུ་ལུ་ སློབ་གཉེར་གྲོགས་རམ་བྱིན་ནི་ཨིན་མས།
ལས་ཚོགས་སློབ་དཔོན་གྱིས་ ཐའི་ལེནཌ་གི་མ་ཧ་ཅུ་ལོང་ཀོན་གཙུག་ལག་སློབ་གྲྭ་གིས་ གཞུང་གྲྭ་ཚང་འོག་ལུ་ ཆོས་སྒོར་བཞུགས་མི་དགེ་འདུན་པ་ཚུ་ལུ་ སློབ་གཉེར་གྲོགས་རམ་བྱིན་ནི་ཨིན་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་སླབ་ཡོདཔ་ཨིན་མས།
དགའ་སྐྱིད་ནང་པའི་རིག་རྩལ་གྲོས་འཛོམས་འདི་ ལོ་ལྟར་བཞིན་དུ་ འཚོགས་ནི་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།