རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་ ༢༠༢༢ ཅན་མ་ བསྐྱར་གྲོས་འབད་ཡོདཔ།

རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་ ༢༠༢༢ ཅན་མ་ བསྐྱར་གྲོས་འབད་ཡོདཔ།

སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༢ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཐེངས་ ༣༠ པའི་ བཞུགས་རིམ་ ༡༩ པའི་ནང་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་ ༢༠༢༢ ཅན་མ་འདི་ ཆ་འཇོག་གྲུབ་ཡོདཔ་ཨིན་མས།

དེ་ཡང་ འདས་པའི་བདུན་ཕྲག་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ གསུང་གྲོས་རྒྱས་ཤིང་རྒྱསཔ་སྦེ་གནང་ཡོད་པའི་ཁར་ ཕྱི་ཁ་ལུ་སྦེ་ ལྷན་འཛོམས་ལན་ཐེངས་༣ ཚོགས་པའི་ཤུལ་ལས་ སྤྱི་ཟླ་ ༡༡ པའི་ སྤྱི་ཚེས་༣༠ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ ཚོགས་རྒྱན་བཙུགས་ཏེ་ ཆ་འཇོག་འབད་ཡོདཔ་ཨིན་མས།

རྒྱལ་ཡོངས་ཚོགས་འདུ་ནང་ འགྲོ་བ་མིའི་དབང་ཆ་དང་ ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མ་འདི་ རྒྱལ་ཡོངས་ཚོགས་སྡེ་ལས་ སྒེར་གྱི་དཔྱད་ཡིག་ཅིག་སྦེ་བཙུགས་ཏེ་ གསུང་གྲོས་རིམ་བཞིན་གནང་པའི་ཁར་ རྒྱལ་ཡོངས་ཚོགས་སྡེ་གིས་ ཆ་འཇོག་འབད་ཞིནམ་ལས་ རྒྱལ་ཡོངས་ཚོགས་འདུའི་ནང་ གཏང་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་འདུ་གིས་ ཁྲིམས་བཟོ་གི་ བྱ་བའི་གནད་སྤྱོད་ལྟར་དུ་ ལྷག་ཐེངས་དང་པ་དང་ གཉིས་པ་གནང་པའི་ཤུལ་ལས་ འགྲོ་བ་མིའི་དབང་ཆ་དང་ ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ ཁྲིམས་ཀྱི་མཁས་མཆོག་དང་ ཉམས་མྱོང་ཡོད་མི་ དྲང་ཁྲིམས་ལྷན་སྡེ་དང་ འཛིན་སྐྱོང་ལྷན་སྡེའི་མངའ་འོག་ལུ་ཡོད་པའི་ གཙུག་སྡེ་ཚུ་དང་གཅིག་ཁར་ གསུང་གྲོས་ཞིབ་ཞིབ་སྦེ་གནང་སྟེ་ དྲན་སེམས་བསྐྱེད་དེ་ གསུང་གྲོས་གནང་ཡོདཔ་ཨིན་མས།

རྒྱལ་ཡོངས་ཚོགས་འདུ་གིས་ གསུང་གྲོས་ཞིབ་ཞིབ་གནང་བའི་ཤུལ་ལས་ ཆ་འཇོག་གྲུབ་ཡོད་མི་འདི་ རྒྱལ་ཡོངས་ཚོགས་འདུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༢༢༢ པའི་དགོངས་དོན་ལྟར་ འཕྲི་སྣོན་དང་ལེགས་བཅོས་ཚུ་མཛད་དེ་ བསྐྱར་གྲོས་ཀྱི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་ལུ་ འབྱོར་ཡོད་པའི་ དོན་ཚན་རེ་རེ་གུ་ ཕྱག་ཡར་སེང་གི་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན་མས།

དེའི་ཤུལ་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ རྩི་རང་རྫོང་ཁག་གི་ཆེད་བསྟོད་ཅན་གྱི་འཐུས་མི་ དཱན་ཀུ་མར་སུན་ཝར་གྱིས་ བསྐྱར་གྲོས་ཀྱི་དོན་ཚན་ཚུ་ ཡོངས་རྫོགས་ཆ་འཇོག་གྲུབ་ནིའི་དོན་ལུ་ གྲོས་འབུལ་ཕུལཝ་བཞིན་དུ་ ཚོགས་ཁང་ནང་ འཐུས་མི་ངོ་བཞུགས་ ༢༠ ག་ར་གིས་ རྒྱབ་སྐྱོར་གྱི་ཚོགས་རྒྱན་བསྐྱུར་ཏེ་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་ ༢༠༢༢ ཅན་མ་འདི་ ཆ་འཇོག་གྲུབ་ཡོདཔ་ཨིན་མས།

ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་གྱིས་སླབ་མིའི་ནང་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་ ༢༠༢༢ ཅན་མ་གི་དམིགས་ཡུལ་གཙོ་བོ་ར་ ནང་མི་འབའ་གན་དང་ ནང་མི་གི་བྱ་བ་ལས་བརྟེན་ བྱ་ངན་ཚུ་བཀག་ཐབས་འབད་ནིའི་དོན་ལུ་ཨིན་ཟེར་བཤད་ཡོདཔ་ཨིན།

དེ་སྦེ་ སྤྱི་ཚོགས་ལྷན་བཞུགས་ནང་ བཙུགས་དགོ་མི་དེ་ཡང་ རྒྱལ་ཡོངས་ཚོགས་འདུ་གིས་ དཔྱད་ཀྱི་དོན་ཚན་ ༡༧༠ དེ་ཅིག་ལུ་ བསྐྱར་ཞིབ་དང་འཕྲི་སྣོན་མཛད་ཡོད་པའི་དོན་ཚན ༡༠༡ དེ་ཅིག་ལུ་ འབྲུག་གི་རྒྱལ་ཡོངས་སྡེ་གིས་ ངོས་ལེན་མ་མཛད་པར་ ཚོགས་ཁང་ཕན་ཚུན་གཉིས་ཀྱི་བར་ན་ མོས་མཐུན་འབྱུང་མ་ཚུགས་པའི་ དཔྱད་ཡིག་འབད་ནི་འདི་གིས་ཨིན་མས།

རྒྱལ་ཡོངས་ཚོགས་སྡེའི་ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་གྱིས་སླབ་མིའི་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ དཔྱད་ཡིག་གུར་ གསུང་གྲོས་གནང་སྟེ་ དོན་ཚན་ ༡༧༠ དེ་ཅིག་ལུ་ འཕྲི་སྣོན་མཛད་ཡོད་མི་གུར་ ཚོགས་ཆུང་གིས་བསྐྱར་ཞིབ་མཛད་པའི་སྐབས་ ཚོགས་འདུའི་་འཕྲི་སྣོན་མཛད་ཡོད་པའི་དོན་ཚན་ ༦༩ དེ་ཅིག་ལུ་ ངོས་ལེན་འབད་ཡོད་རུང་ དོན་ཚན་ ༡༠༡ དེ་ཅིག་ལུ་ ངོས་ལེན་མཛད་མ་ཚུགས་པའི་སྙན་ཞུ་ ཚོགས་དམངས་ལུ་ཕུལ་ཡོདཔ་ཨིན་མས།

ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ རྩི་རང་རྫོང་ཁག་གི་ཆེད་བསྟོད་ཅན་གྱི་འཐུས་མི་གིས་བཤད་མིའི་ནང་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་ ༢༠༢༢ ཅན་མ་འདི་ ད་རིས་ཀྱི་ སྤྱི་ཚོགས་ཀྱི་སྐབས་ལུ་ ཡོངས་རྫོགས་སྦེ་ ཆ་འཇོག་འགྲུབ་མ་ཚུགས་རུང་ ཤུལ་མའི་སྤྱི་ཚོགས་ཀྱིས་འགྲུབ་ཚུགས་པའི་ སྨོན་ལམ་ཕུལ་ཡོདཔ་ཨིན་མས།

འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་ ༢༠༢༢ ཅན་མ་འདི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དོན་ཚན་ ༡༣(༨) པའི་ དགོངས་དོན་ལྟར་ མི་དབང་མངའ་བདག་རིན་པོ་ཆེ་ལས་ སྤྱི་ཚོགས་ལྷན་བཞུགས་ཀྱི་བཀའ་གྲོལ་གྱི་གནང་བ་ཞུ་ནི་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།