རྒྱལ་ཁབ་ནང་ སློབ་དཔོན་ ༨༤༢ དེམ་ཅིག་མ་ལང་བའི་དཀའ་ངལ་ཡོདཔ།

རྒྱལ་ཁབ་ནང་ སློབ་དཔོན་ ༨༤༢ དེམ་ཅིག་མ་ལང་བའི་དཀའ་ངལ་ཡོདཔ།

རྒྱལ་ཁབ་ཀྱི་སློབ་གྲྭ་ནང་ལས་ཕར་ སློབ་དཔོན་ ༨༤༢ དེམ་ཅིག་ མ་ལང་བའི་དཀའ་ངལ་ཡོདཔ་ཨིན་མས། དེ་ཡང་ སྤྱི་ཟླ་ ༦ པའི་ སྤྱི་ཚེས་ ༡༦ ལུ་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཐེངས་ནང་ ལྷན་རྒྱས་གཞུང་ཚོགས་ལས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གི་བློན་པོ་ལུ་དྲི་བཀོད་ལས་རིམ་ནང་ བཤད་ཡོདཔ་ཨིན།

ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གི་བློན་པོ་  ཇེ་བིར་རའི་གྱིས་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེ་གི་འཐུས་མི་གིས་ སློབ་གྲྭ་ནང་སློབ་དཔོན་མ་ལང་བའི་ཚ་གྱང་ཡོད་ལུགས་ལུ་ གཞུང་ལས་དཀའ་ངལ་བསལ་ཐབས་ཀྱི་ཐབས་བྱུས་སྐོར་ལེན་དགོ་བའི་དྲི་བཀོད་ཀྱི་སྐབས་སུ་བཤད་ཡོདཔ་ཨིན།

དེ་ཡང་ པདྨ་དགའ་ཚལ་རྫོང་ཁག་གི་ཆེད་བསྟོད་ཅན་གྱི་འཐུས་མི་འཇམ་དབྱངས་རྣམ་རྒྱལ་གྱིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གི་བློན་པོ་ལུ་ སློབ་གྲྭ་ཚུའི་ནང་ སློབ་དཔོན་མ་ལངས་པའི་ དཀའ་ངལ་སེལ་ནིའི་ཐབས་ལམ་དང་འབྲེལ་བའི་ དྲི་བ་བཀོད་ཡོདཔ་ཨིན། ཆེད་བསྟོད་ཅན་གྱི་འཐུས་མི་གིས་སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་ ༡ པ་ལས་སྤྱི་ཟླ་ ༥ པ་ཚུན་ སློབ་དཔོན་ ༤༡༦ དེ་ཅིག་དགོངས་ཞུ་འབད་ཡོདཔ་ལས་ དགོངས་ཞུ་འབད་མིའི་གྱངས་ཁ་འདི་ ཡར་སེང་སོང་སྟེ་ར་ཡོདཔ་ད་ ཆོས་ཚན་དང་འབྲེལ་བ་ཡོད་པའི་ སློབ་སྟོན་པ་ཚུ་མ་ལངས་པའི་ དཀའ་ངལ་དང་སྟབས་མ་བདེཝ་ཚུ་ སེལ་ཐབས་ལུ་ ལྷན་ཁག་གི་ཁ་ཐུག་ལས་ ཐབས་ལམ་དང་ཐབས་བྱུས་དེ་ཚུ་ ག་དེ་སྦེ་ཡོད་ག་ཟེར་བའི་ དྲི་བ་བཀོད་ཡོདཔ་ཨིན།

དེ་ཡི་ལན་ལུ་ བློན་པོ་གིས་ སློབ་སྟོན་པ་གསར་བཙུགས་འབད་ནིའི་དབང་ཚད་ཀྱི་རིམ་པ་ཚུ་ རྫོང་ཁག་ལུ་སྤྲོད་དེ་ཡོདཔ་ད་ ལོ་གྲངས་ཚང་སྟེ་ དགོངས་ཞུ་འབད་ཡོད་པའི་སློབ་དཔོན་ ཁྱད་རིག་དང་ཉམས་མྱོང་ཡོད་མི་ཚུ་ སྤྲོ་བ་ཡོད་པ་ཅིན་ ཁག་འབགཔ་གི་སློབ་སྟོན་པ་སྦེ་ གོ་སྐབས་ལེན་ནིའི་ཐབས་ལམ་ཚུ་ཡང་སྒྲིག་དོ་ཟེར་ ཁ་གསལ་འབད་ཡོདཔ་མ་ཚད་ གློག་བརྙན་གྱི་ཐོག་ལས་ སློབ་སྟོན་འབད་ནི་དང་ལྷབ་ནིའི་ནང་ འཇམ་ཏོང་ཏོ་བཟོ་ནི་དང་ དམིགས་བསལ་གྱི་ སྤང་བི་ས་གི་སློབ་སྟོན་པ་ཚུ་གི་ཞབས་ཏོག་དང་མཐུན་རྐྱེན་ཚུ་གི་ཐོག་ལས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་ འཕྲལ་གྱི་ཐབས་ལམ་སྒྲིག་སྟེ་ཡོད་ཟེར་ཚོགས་ཁང་ནང་བཤད་ཡོདཔ་ཨིན།

བློན་པོ་གིས་སླབ་མིའི་ནང་ སེམས་ཤུགས་འཕེལ་ནིའི་དོན་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཨིན་རུང་ དེ་གིས་ཐབས་ལམ་སྦེ་མི་བཏུབ་དོ་ཨིནམ་ལས་ ཉུང་མཐའ་ལུ་ ཟླཝ་རེ་ནང་ སློབ་དཔོན་ ༡༠༠ དེ་རེ་དགོངས་ཞུ་འབདཝ་མས་ཟེར་ཨིན་མས།

ལྷན་ཁག་གིས་ སློབ་དཔོན་ཚུ་གི་ འཚོ་བའི་གནས་སྟངས་ཡར་དྲགས་གཏང་ནིའི་ཐབས་ལམ་བཏོན་དོ་ཨིནམ་ད་ ཁྱད་རིགས་ཀྱི་འཐུས་སྤྲོད་ནིའི་ཐབས་ལམ་ཚུ་བལྟ་དོ་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།