Investigation still underway for Covid-19 patient’s death

རྒྱལ་ཁབ་ནང་གསོ་བའི་མཁས་མཆོག་ཕྱི་མིའི་ལེན་ནི་ཨིནམ།

རྒྱལ་ཁབ་ནང་ གསོ་བའི་ལས་གཡོགཔ་མ་ལང་པར་ཡོདཔ་ལས་ གསོ་བའི་ཞབས་ཏོག་སྤྲོད་ནིའི་ལུ་གདོང་ལན་བྱུང་དོ་ཡོདཔ་ཨིན། དཀའ་ངལ་བསལ་ནིའི་དོན་ལུ་ གཞུང་གིས་ གསོ་བའི་མཁས་མཆོག་ཕྱིའི་རྒྱལ་ཁབ་ལས་ལེན་ནི་ཨིན་མས།

དེ་ཡང་ གསོ་བའི་བློན་པོ་རྟ་མགྲིན་རྡོ་རྗེ་གིས་ ད་ལྟོ་ཚོགས་ཡོད་པའི་སྒང་ཡོད་མི་སྤྱི་ཚོགས་ནང་སླབ་ཡོདཔ་ཨིན། ཕྱི་མི་གསོ་བའི་མཁས་མཆོག་ཚུ་ཡང་ གནས་སྐབས་ཀྱི་དོན་ལུ་ཨིནམ་ད་ དངུལ་ཕོགས་ཡང་གཞུང་གིས་སྤྲོད་ནི་ཨིནམ་ད་ འབྲུག་གི་ལས་གཡོགཔ་དང་ཕྱེདཔ་ད་ མཐོ་དྲགས་སྦེ་སྤྲོད་ནི་ཨིན་མས།

གསོ་བའི་བློན་པོ་གིས་བཤད་མི་ནང་ མི་སྟོབས་མ་ལང་ལང་དཀའ་ངལ་ཐོན་ཡོད་མི་དེ་ ངེས་དོན་ཨིནམ་ད་ དཀའ་ངལ་བསལ་ནིའི་ཐབས་ལམ་དེ་ ཕྱིའི་རྒྱལ་ཁབ་ལས་གསོ་བའི་མཁས་མཆོག་ ལེན་ནི་དེ་ཨིན་ཟེར་ཨིན་མས། དེ་ཡང་འཕྲལ་གི་དོན་ལུ་ དཀའ་ངལ་བསལ་ནིའི་དོན་ལུ་ཚབས་ཆེན་གྱི་དུས་ཚོད་ཅིག་ལུ་ལྷོད་ཡོདཔ་ལས་ ལེན་དོ་ཟེར་བཤདཔ་ཨིན་མས།

གསོ་བའི་བློན་པོ་གིས་བཤད་མི་ནང་ ད་ལྟོ་གི་དུས་ལུ་འབད་བ་ཅིན་མཁས་མཆོག་དང་དྲུང་འཚོ་ ༡༧༢ དེ་ལས་སྨན་གཡོགམོ་ ༨༢༤ དེ་ཅིག་གི་མ་ལང་བ་ཡོད་ཟེར་ཨིན་མས། ད་ལྟོ་འབད་བ་ཅིན་མཁས་མཆོག་ ༡༧༩ དང་དྲུང་འཚོ་ ༢༧༡ སྨན་གཡོགམོ་ ༡༤༢༢ དེམ་ཅིག་རྐྱངམ་ཅིག་ཡོད་ཟེར་ཨིན་མས། ༢༠༢༠ ལུ་འབད་བ་ཅིན་གསོ་བའི་མཁས་མཆོག་༢༡ དེམ་ཅིག་ རྒྱ་གར་རྒྱལ་ཁབ་དང་བངྒལ་དེཤ་ལས་ལེན་ཡོདཔ་དང་ ད་ལྟོ་འབད་བ་ཅིན་མཁས་མཆོག་ ༧ རྐྱངམ་ཅིག་ཡོད་ཟེར་ཨིན་མས། ད་རུང་མཁས་མཆོག་ ༣ དེམ་ཅིག་མགྱོགས་པ་ར་ལེན་ནི་ཨིན་མས།

གསར་སྤང་ཤོམ་སྤང་འདེམས་ཁོངས་ཀྱི་སྤྱི་ཚོགས་ཀྱི་མཐུས་མི་ཀྲེག་བྷ་དུར་རའི་གིས་དྲི་མིའི་ལན་ལུ་ གསོ་བའི་བློན་པོ་གིས་ དེ་སྦེ་དཀའ་ངལ་ཐོན་མི་དེ་ གསོ་བའི་ལས་གཡོགཔ་ཚུ་ ཕྱི་རྒྱལ་ལས་ཕར་འགྱོ་མི་དེ་གིས་ཨིནམ་ད་ དེ་ཡང་དངུལ་ཕོགས་ཉུང་སུ་དང་ གཡོག་གི་མདུན་ལམ་དེ་ ཁྱད་རིག་ལཱ་གི་གོ་སྐབས་ཚུ་ ཕྱིའི་རྒྱལ་ཁབ་ནང་དྲག་དོ་ཨིནམ་འབད་བཤད་ནུག
དེ་ལས་ཐབས་ལམ་གཞན་དེ་ གསོ་བའི་བློན་པོ་གིས་བཤད་མིའི་ནང་ གཞུང་གི་ཨེམ་བི་བི་ཨེས་སློབ་གཉེར་གྲོགས་རམ་ལས་རིམ་དེ་ མི་གྲངས་ ༢༡ ལས་༣༠ འི་བར་ན་ ཡར་སེང་འབད་དེ་ཡོད་ཟེར་ཨིན་མས། དེ་མ་ཚད་༢༠༢༧ ལུ་དྲུང་འཚོ་ ༥༥ དེམ་ཅིག་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ལས་མཐར་འཁོལ་འོང་ཟེར་ཨིན་མས།

ད་རུང་བློན་པོ་གིས་བཤད་མིའི་ནང་ ༢༠༢༧ ལུ་ འབྲུག་ལུ་ཨེ་པོ་ལོ་སྨན་གཡོག་སློབ་གཉེར་སྤེལ་ཁང་ལས་ སྨན་གཡོགམོ་ ༦༢༣ མཐར་འཁྱོལ་ནི་ཨིནམ་དང་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ལས་ ༡༩༤དེམ་ཅིག་དང་ དེ་ལས་ ཨ་རུ་ར་འཕྲོད་བསྟེན་ཚན་རིག་སློབ་སྦྱོང་སྤེལ་ཁང་ལས་ ༤༨༢ མཐར་འཁྱོལ་ནི་ཨིན་མས། དེ་མ་ཚད་ཨོས་ཀྲི་ལི་ཡ་ལས་མཐར་འཁྱོལ་དེ་འོང་ནི་ཨིནམ་ལས་ བློན་པོ་གིས་འབད་བ་ཅིན་ ལས་མི་ལང་བའི་དཀའ་ངལ་བསལ་ཚུགས་འོང་ཟེར་ཨིན་མས།

ཨིན་རུང་སྨན་གཡོནམོ་གཅིག་གིས་བཤད་མི་ནང་ གཞུང་གི་གསོ་བའི་ལས་གཡོགཔ་ཚུ་ལག་ལེན་དངོས་བསྟར་ནང་ཉམས་མྱོང་ཡོད་ཟེར་ཨིནམ་ད་ ཕྱི་རྒྱལ་ལས་ལེན་མི་ཚུ་དེ་ ལག་ལེན་ནང་ཉམས་མྱོང་མེདཔ་ཨིནམ་དང་ སློབ་སྦྱོང་ནང་རྐྱངམ་གཅིག་ལེགས་ཤོམ་ཡོད་ཟེར་བཤདཔ་ཨིན་མས།
གསོ་བའི་བློན་པོ་གིས་བཤད་མིའི་ནང་ གསོ་བའི་ལས་གཡོགཔ་མ་ལང་མིའི་དཀའ་ངལ་དེ་ ད་ལྟོ་བརྒྱ་ཆ་ལས་༣༠་དེམ་ཅིག་ལཱ་གཡོག་འབད་མི་ གསོ་བའི་ལས་གཡོགཔ་ཚུ་གིས་ལཱ་གིས་དུས་ཡུན་ཡར་སེང་འབད་དེ་ འདི་དང་འཁྲིལ་སྟེ་སྤྲོ་འཐུས་ དངུལ་ཀྲམ་ ༡༠༠༠ དང་༡༥༠༠ དེམ་ཅིག་དུས་ཚོད་ཁ་སྐོང་གི་འཐུས་སྤྲོད་ནི་ཨིན་མས།

གཞུང་གིས་གསོ་བའི་གཡོགཔ་གིས་དཀའ་ངལ་བསལ་སྟེ་གསོ་བའི་ལས་སྡེ་དང་ མི་སེར་ཚུ་གི་དོན་ལུ་དམིགས་ཏེ་ཨིན་ཟེར་བཤད་ཡོད་པའི་གནས་ཚུལ།

བདེ་ཆེན་མཚོ་མོ།