རང་སོའི་འབབ་ཁུངས་ཁྲལ་ལས་ འོང་འབབ་ཡར་སེང་འགྱོ་ཡོདཔ།

དུས་ཅི་སྤྱི་ཟླ་ ༣ པའི་སྤྱི་ཚེས་ ༢༠ ཚུན་ཚོད་ཀྱི་སྙན་ཞུ་དང་འཁྲིལ་བ་ཅིན་ མི་ངོམ་ ༦༠,༢༣༧ དེམ་་ཅིག་གིས་ རང་སོའི་འབབ་ཁུངས་ཁྲལ་ཀྱི་སྙན་ཞུ་འབད་ཡོདཔ་ཨིན་མས། འོང་འབབ་ཁྲལ་ལོ་ ༢༠༢༡ དང་ཕྱེདཔ་ད་ དུས་ཅི་ དངུལ་ཀྲམ་ ས་ཡ་ ༢༤༨་༥༠༣ ལྷག་ཙམ་གྱི་ཡར་སེང་འགྱོ་དེ་ཡོདཔ་ཨིན་མས། འོང་འབབ་ཁྲལ་ལོ་ ༢༠༢༡ ནང་འབད་བ་ཅིན་ ཁྲལ་དངུལ་ཀྲམ་ ས་ཡ་ ༡,༥༠༡་༡༩༤ དེམ་ཅིག་ བསྡུ་ཡོདཔ་ཨིན་མས། རང་སོའི་འོང་འབབ་ཀྱི་ཁྲལ་ཡང་ ཁས་བླངས་ཐོག་ གསོལ་སྟོན་འབད་ཡོདཔ་ཨིན་མས།

ཨིན་རུང་དུས་ཅི་ རང་སོའི་འབབ་ཁུངས་ཁྲལ་བཏབ་མི་ མི་ངོམ་གྱི་གྲངས་ཁ་དེ་ ལེ་ཤ་གིས་ར་མར་ཕརཔ་འགྱོ་ཡོདཔ་ཨིན་མས། དེ་གིས་ འོང་འབབ་མངམ་སྦེ་འཐོབ་མི་གི་ གྱངས་ཁ་དེ་མར་ཕརཔ་སོང་ཡོདཔ་སྦེ་སྟོནམ་ཨིན་མས། ཡིག་ཐོ་དང་འཁྲིལ་བ་ཅིན་ རང་སོའི་འབབ་ཁུངས་ཀྱི་ཁྲལ་གྱི་འོང་འབབ་དེ་ ཡར་སེང་སོང་ཡོད་རུང་ ཁྲལ་བཏབ་མི་གི་ མི་གྲངས་དེ་ མར་ཕརཔ་སོང་ཡོདཔ་ཨིན་མས།

དེ་སྦེ་ཁྲལ་མ་བཏབ་མི་ཡང་ ཐོ་བཀོད་འབད་ཡོད་པའི་མི་ངོམ་མང་ཤོས་ར་ འབབ་ཁུངས་དངུལ་ཀྲམ་ འབུམ་ གསུམ་གྱི་འོག་རྒྱུ་ཡོདཔ་ལས་བརྟེན་ཨིན་མས། དེ་ཡི་གྲལ་ཁར་ མི་གྲངས་ ༢༤,༧༩༡ ཡོདཔ་ཨིན་མས། འོང་འབབ་ཁྲལ་ལོ་ ༢༠༢༡ ནང་འབད་བ་ཅིན་ འབབ་ཁུངས་དངུལ་ཀྲམ་ འབུམ་གསུམ་གྱི་འོག་རྒྱུ་ནང་ མི་གྲངས་ ༢༤,༢༨༧ ཡོདཔ་ཨིན་མས།

འབབ་ཁུངས་ཁྲལ་དེ་མཐོ་ཤོས་ར་ འོང་འབབ་དངུལ་ཀྲམ་ ས་ཡ་གཅིག་དང་འབུམ་ལྔ་ཡན་ཆད་ཐོབ་མི་ལས་བསྡུ་ཡོདཔ་ཨིནམ་མས། འོང་འབབ་ཁྲལ་ལོ་ ༢༠༢༢ པའི་ནང་ དབྱེ་ཁག་དེ་ནང་ མི་གྲངས་ ༦༥༩ ཡོདཔ་ད་ འོང་འབབ་ཁྲལ་དངུལ་ཀྲམ་ས་ཡ་ ༨༥༩་༡༠༣ དེམ་ཅིག་བཏབ་ཡོདཔ་ཨིནམ་མས། དེ་ཡི་འོག་ལས་ར་ འོང་འབབ་དངུལ་ཀྲམ་འབུམ་ ༤ གི་འོག་རྒྱུ་ལས་ འོང་འབབ་ཁྲལ་དངུལ་ཀྲམ་ས་ཡ་ ༦ ལྷག་ཙམ་ཅིག་བསྡུ་ཡོདཔ་ཨིན་མས། ཨིན་རུང་ཚད་གཞི་དེ་ཡི་གྲལ་ཁར་ལས་ ཁྲལ་བསྡུ་ལེན་གྱི་འོང་འབབ་དེ་ ན་ཧིང་དང་ཕྱེདཔ་ད་ མར་འབབ་ཡོདཔ་ཨིན་མས། ཁྲལ་ལོ་ ༢༠༢༡ ཅིག་ནང་ ཁྲལ་བཏབ་མི་ མི་ངོམ་ ༡༦,༦༥༡ དེམ་ཅིག་གིས་ ཁྲལ་དངུལ་ཀྲམ་ཡོངས་བསྡོམས་ ས་ཡ་ ༤༠༠ ལྷགཔ་ཅིག་བསྡུ་ཡོདཔ་ཨིན་མས། འོང་འབབ་ཀྱི་ཚད་གཞི་དངུལ་ཀྲམ་ དྲུག་འབུམ་སྟོང་ཕྲག་ ༥༠ ལས་ ས་ཡ་གཅིག་ཚུན་ཚོད་ཨིན་མས།

དབྱེ་ཁ་དེ་ནང་ལས་ ཁྲལ་ལོ་ ༢༠༢༢ ནང་ མི་གྲངས་ ༣,༥༥༢ དེམ་ཅིག་གིས་ ཁྲལ་དངུལ་ཀྲམ་ ས་ཡ་ ༢༥༣ ལྷགཔ་ཅིག་བཏབ་ཡོདཔ་ཨིན་མས། སྤྱི་ལོ་ ༢༠༢༡ ལུ་ མི་གྲངས་ ༡༦,༦༥༡ དེམ་ཅིག་གིས་ ཁྲལ་དངུལ་ཀྲམ་ ས་ཡ་ ༤༠༢ ལྷགཔ་ཅིག་བཏབ་ཡོདཔ་ཨིན་མས།

ཁྲལ་ལོ་ ༢༠༢༡ ལས ༢༠༢༣ གི་བར་ན་ ཁྲལ་ལས་འོང་འབབ་དངུལ་ཀྲམ་ ས་ཡ་ ༣༩ ལྷགཔ་ཅིག་བཟོ་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ བརྒྱ་ཆ་ ༡༣་༧ དེམ་ཅིག་ཐོན་ཡོདཔ་ཨིན་མས། ཧེ་མའི་ཁྲལ་ལོ་དང་ཕྱེདཔ་ད་ ཁྲལ་ལས་འོང་འབབ་དེ་ བརྒྱ་ཆ་ ༢༥ དེམ་ཅིག་གི་ ཡར་སེང་སོང་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།