འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ འཆར་གཞི་ ༡༣ པའི་གཙོ་རིམ་དང་འཁྲིལ་ཏེ་ འབྲུག་ལུ་མཉམ་འབྲེལ་གི་ལཱ་འཕྲོ་མཐུད་དེ་འབད་ནི་ཨིནམ།

འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ འཆར་གཞི་ ༡༣ པའི་གཙོ་རིམ་དང་འཁྲིལ་ཏེ་ འབྲུག་ལུ་མཉམ་འབྲེལ་གི་ལཱ་འཕྲོ་མཐུད་དེ་འབད་ནི་ཨིནམ།

འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ སྤྱི་ཟླ་ ༤ པའི་སྤྱི་ཚེས་ ༦ ལུ་ སྤྱི་ལོ་ ༢༠༢༢ འི་རྒྱལ་ཁབ་ཀྱི་ལོ་ལྟར་གྲུབ་འབྲས་སྙན་ཞུ་གསར་སྟོན་འབད་ཡོདཔ་ཨིན་མས། འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ འཆར་གཞི་ ༡༣ པའི་གཙོ་རིམ་དང་འཁྲིལ་ཏེ་ འབྲུག་ལུ་མཉམ་འབྲེལ་གི་ལཱ་འཕྲོ་མཐུད་དེ་འབད་ནི་ཨིན་ཟེར་བཀོད་ཡོདཔ་ཨིན་མས།

འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ མཉམ་འབྲེལ་ཐོག་གཞུང་ལུ་ རྒྱལ་ཡོངས་ཀྱི་གོང་འཕེལ་གྱི་ལས་རིམ་གཙོ་ཅན་གྱི་ལས་སྣའི་བསྟར་སྤྱོད་འབད་དེ་ གྲུབ་འབྲས་ཅན་ཅིག་སྦེ་ འཐོན་ནིའི་ནང་ ལཱ་འགན་གལ་གནད་ཅན་ཅིག་སྦེ་འབག་ཡོདཔ་ཨིན་མས། དེ་ལས་ རྒྱལ་ཁབ་ཀྱི་ སྤྱི་ལོ་ ༢༠༣༠ འི་ ཡུན་བརྟན་གོང་འཕེལ་མདུན་སྤྱོད་ཀྱི་ལས་འཆར་ནང་ཡང་ ཁེ་ཕན་བྱུང་ཡོདཔ་ཨིན་མས། འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ངོ་ཚབ་ཡིག་ཚང་ ༣༢ དེམ་ཅིག་གིས་ སྤྱི་ལོ་ ༢༠༢༢ འི་ལོ་ནང་ གཞུང་ལུ་ གོང་འཕེལ་ལས་འགུལ་དང་ལས་རིམ་མ་འདྲཝ་ཚུ་ནང་ མ་དངུལ་ཡུ་ཨེསེ་ཌོ་ལར་ ས་ཡ་ ༢༢་༥ དེམ་ཅིག་རྒྱབ་སྐྱོར་འབད་ཡོདཔ་ཨིན་མས།

སྤྱི་ལོ་ ༢༠༡༩ ལས་ ༢༠༢༣ ལོ་ཚུན་ཚོད་ཀྱི་ འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ འབྲུག་ལུ་དྲང་བདེན་དང་ ཡུན་བརྟན་མཐུན་སྒྲིག་གིས་ཅི་ཡང་རྒྱབ་ཁར་མ་ལུསཔ་བཟོ་ནི་ཟེར་བའི་བརྗོད་དོན་ཐོག་ འཛམ་གླིང་སྤྱི་ཚོགས་ཀྱི་ཡུན་བརྟན་གོང་འཕེལ་མཉམ་འབྲེལ་འཆར་བཀོད་ཀྱི་དམིགས་གཏད་རྒྱུད་སྐུལ་ཐོག་ ལཱ་འབད་དོ་ཡོདཔ་ཨིན་མས། སྤྱི་ཚོགས་ཡིག་ཚང་གིས་ དུས་རྒྱན་གྱི་ལས་རིམ་དང་ ནད་ཡམས་ཀྱིས་ཐོ་ཕོག་ཡོད་པའི་གདོང་ལན་ལུ་ གོང་འཕེལ་གྲུབ་འབྲས་འཐོན་ནིའི་ལུ་ གཅིག་སྒྲིལ་ཐབས་ལམ་བསྟར་སྤྱོད་ཐོག་ རྒྱབ་ཁར་ལུས་མི་ཚུ་གི་དོན་ལུ་གཙོ་བཏོན་དོ་ཨིན་མས།

འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ སྤྱི་ལོ་༢༠༢༢ ལོ་ལྟར་གྲུབ་འབྲས་སྙན་ཞུ་གསར་སྟོན་འབད་མི་ནང་ འབྲུག་གཞུང་གི་ གནས་སྡུད་དང་སྲིད་བྱུས་ཀྱི་གྲུབ་འབྲས་འོག་ལུ་ དུས་ཐོག་ཁུངས་ལྡན་གི་གནས་སྡུད་བཏོན་ནིའི་ལུ་ གཙུག་སྡེ་ཚུ་གི་ ལྕོགས་གྲུབ་རྩ བརྟན་བཟོ་ནི་དེ་ཨིན་མས། དེ་ལས་ ཨ་ལུ་དང་ གཞོན་སྐྱེས་ ཨམ་སྲུ་དང་ རྒྱབ་ཁར་ལུས་མི་ མི་སེར་ཚུ་ལུ་ སྤུད་ཚད་ཅན་གྱི་གསོ་བའི་ཞབས་ཏོག་དང་ ཤེས་རིག་ གཅེས་སྐྱོང་ཞབས་ཏོག་ཚུ་ ཕྱོགས་སུ་མ་ལྷུང་བའི་གོ་སྐབས་ དགོས་མཁོ་ཆེ་བའི་མི་སྡེའི་གྲུབ་འབྲས་ཚུ་ ཟས་བཅུད་ཡར་དྲག་གཏང་བའི་ཐོག་ཞབས་ཏོག་སྤྲོད་ནི་དེ་ཨིན་མས།

གྲུབ་འབྲས་གཞན་མི་དེ་ གཞུང་སྐྱོང་ལེགས་ལྡན་གྲུབ་འབྲས་ནང་ འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ དམངས་གཙོའི་གཙུག་སྡེ་དང་ དབང་ཚད་ཕྱིར་སྤེལ་ མི་མང་འབྲེལ་གཏོགས་ཀྱི་ས་གོ་ཚུ་ རྒྱ་སྐྱེད་འབད་ནི་ བཙག་འཐུ་དང་འབྲེལ་བའི་ཕོ་མོ་འདྲ་མཉམ་ཀྱི་གོ་གནས་ སྲིད་བྱུས་ཐག་གཅད་འགྲོ་ལུགས་ནང་ ཨམ་སྲུ་ཚུ་གིས་གྲལ་གཏོགས་གོང་འཕེལ་གཏང་ནི་དང་ དྲང་ཁྲིམས་ཞབས་ཏོག་སྤྲོད་ནི་ཡར་དྲག་གཏང་ནི་དེ་ཨིན་མས། དེ་ཡང་ ཉེན་ཁ་ཆེ་བའི་སྡེ་མཚན་ནང་ ཞབས་ཏོག་སྤྲོད་ལུགས་ཚུ་ཡར་དྲག་གཏང་ནི་དེ་ཨིན་མས།

གནས་ཤིས་འགྱུར་བ་དང་ རྐྱེན་ངན་མར་ཕརཔ་གི་གྲུབ་འབྲས་ནང་ ནད་ཡམས་ཀྱིས་ཐོ་ཕོག་ཡོད་མི་ལུ་ དཔལ་འབྱོར་གོང་འཕེལ་སོར་འཆུད་འབད་དེ་ གནམ་ཤིས་འགྱུར་བ་་དང་བསྟུན་པའི་ཐབས་ལམ་ཐོག་ སོ་ནམ་གཞི་རྟེན་དང་འཕྲུལ་རིག་ བཟའ་ཆས་དང་ རང་བཞིན་ཐོན་སྐྱེད་འཛིན་སྐྱོང་འཐབ་ནི་དེ་ཨིན་མས།

ཤེས་རིག་ལམ་ལུགས་འགྱུར་བཅོས་ནང་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ དུས་རབས་༢༡ པ་དང་བསྟུན་པའི་ གཞུང་གིས་ངོས་འཛིན་འབད་ཡོད་མི་ གལ་གནད་ཆེ་བའི་ འགྱུར་བའི་ཐབས་བྱུས་ཚུ་བཏོན་ཏེ་ ཤེས་ཡོན་ལྷབ་སྦྱང་འབད་ནིའི་དང་ཐོ་ཕོག་ཡོད་མི་ཚུ་ གསར་བཏོད་ཐོག་སླར་གསོ་འབད་ནི་དེ་ཨིན་མས།

འཛམ་གླིང་སྤྱི་ཚོགས་ཀྱི་བཟའ་ཆས་ལྷན་ཚོགས་ནང་འཕྲོ་མཐུད་རྒྱུད་སྐུལ་འབད་མི་དང་བསྟུན་ འབྲུག་གཞུང་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་བཟའ་ཆས་ལམ་ལུགས་ཅིག་བཟོ་ཡོདཔ་ཨིན་མས། གཞན་ཡང་ འབྲུག་གི་རང་བཞིན་སླར་བྱུང་ཐོན་སྐྱེད་ཐབས་བྱུས་ ༢༠༣༠ ཅན་མ་ བཀོད་སྒྲིག་འབད་ནིའི་ནང་ཡང་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་མས། དེ་ལས་ཡིག་ཚང་གིས་ བང་ལ་དེཤ་དང་ བལ་ཡུལ་ རྒྱ་གར་ པ་ཀིས་ཏན་རྒྱལ་ཁབ་ཚུ་དང་གཅིག་ཁར་ ལུང་ཕྱོགས་ནང་ གནམ་ཤིས་འགྱུར་བ་དང་ རྐྱེན་ངན་གདོང་ལེན་ དཔལ་འབྱོར་གོང་འཕེལ་གཏང་ནིའི་ནང་ཡང་ མཉམ་འབྲེལ་འབད་དོ་ཡོདཔ་ཨིན་མས།

འབྲུག་ལུ་འཛམ་གླིང་སྤྱི་ཚོགས་ཀྱི་ངོ་ཚབ་ ཀར་ལ་རོ་བིན་ཧར་ཤེས་ཀྱིས་སླབ་མིའི་ནང་  འཛམ་གླིང་སྤྱི་ཚོགས་ཀྱི་ཡུན་བརྟན་གོང་འཕེལ་མཉམ་འབྲེལ་འཆར་བཀོད་བསྟར་སྤྱོད་དེ་ མཇུག་བསྡུ་ནིའི་ལོ་ཨིནམ་ལས་ རྩ་ཅན་ཅིག་ཨིནམ་ད་ ད་ལྟོ་ སྤྱི་ལོ་ ༢༠༢༤ ལས་ ༢༠༢༨ འི་ལོ་གི་འཛམ་གླིང་སྤྱི་ཚོགས་ཀྱི་ཡུན་བརྟན་གོང་འཕེལ་མཉམ་འབྲེལ་འཆར་བཀོད་ ཆར་ལོ་༡༣ པའི་གཙོ་རིམ་དང་བསྟུན་བཟོ་བའི་སྒང་ཨིན་ཟེར་བཤད་ཅི། ངོ་ཚབ་ཀྱིས་སླབ་མིའི་ནང་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ འཆར་གཞི་ ༡༣ པའི་གཙོ་རིམ་དང་འཁྲིལ་ཏེ་ འབྲུག་ལུ་མཉམ་འབྲེལ་གི་ལཱ་ཚུ་ འཕྲོ་མཐུད་དེ་འབད་ནི་ཨིན་ཟེར་བཀོད་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།