འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་གྱིས་ ཤེས་རིག་སྐྱིན་འགྲུལ་བྱིན་ནིའི་ལུ་ ཐབས་ཤེས་གཏང་དོ་ཡོདཔ།

༉ འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་གྱིས་ ཤེས་རིག་སྐྱིན་འགྲུལ་བྱིན་ནིའི་ལུ་ ཐབས་ཤེས་གཏང་དོ་ཡོདཔ་ཨིན་མས། འབྲུག་རྒྱལ་ཡོངས་དངུལ་ཁང་ ཚད་འཛིན་གྱིས་ ཤེས་རིག་སྐྱིན་འགྲུལ་བྱིན་ནི་གི་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ གྲོས་འཆར་བཙུགས་མི་འདི་ གནང་བ་མ་ཐོབ་ཟེར་མི་དང་ དངུལ་ཁང་གཞན་མི་ཚུ་གིས་ ཤེས་རིག་སྐྱིན་འགྲུལ་བྱིན་ནི་འདི་བཀག་ཆ་འབད་ཡི་ཟེར་ མི་མང་ནང་ལུ་འཐོར་གཏམ་དར་ཁྱབ་འགྱི་མི་འདི་ ཁས་མི་ལེན་ དོ་ཨིན་མས།

འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་ཡིག་ཚང་ལས་བྱེདཔ་ཀྱིས་སླབ་མིའི་ནང་ དངུལ་ཁང་གཞན་མི་བཟུམ་སྦེ་ འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་ གྱིས་ཡང་ ཤེས་རིག་སྐྱིན་འགྲུལ་སྤྲོད་ནི་གིས་ ཐབས་ཤེས་གཏང་དོ་ཟེར་ཨིན་མས། འཕྲལ་ཁམས་ཅིག་ཁར་ ཤེས་རིག་སྐྱིན་འབྲུལ་བཀག་ཆ་འབད་བཞག་མི་གིས་ འབྲུག་མི་ ཨོས་ཏྲི་ལི་ཡ་ལུ་ ཤེས་ཡོན་སྦྱོང་བར་འགྱོ་མི་ཚུ་ལུ་ཐོ་ཕོག་དེ་ཡོད་མི་ཚུ་གིས་ དངུལ་གཞན་མི་ཚུ་ལས་ སྐྱིན་འགྲུལ་འཚོལ་དོ་ཡོདཔ་ཨིནམ་ད་ དེ་བཟུམ་ སྦེ་ འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་གྱིས་ ཤེས་རིག་སྐྱིན་འགྲུལ་བྱིནནིའི་ལས་རིམ་ལུ་ བསྒུགས་སྡོད་དོ་ཡོདཔ་ཨིན་མས།

འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་གྱི་ ལས་བྱེདཔ་ཅིག་གིས་སླབ་མིའི་ནང་ འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་གྱིས་ འབྲུག་རྒྱལ་གཞུང་དངུལ་ལས་ དབང་འཛིན་ལུ་ གྲོས་འཆར་བཙུགས་ཡུ་ཟེར་མི་འདི་ མི་བདེན་ཟེར་བཤདཔ་ཨིན་མས། ཨིན་རུང་ དངུལ་ཁང་གི་ ལས་བྱེདཔ་གིས་སླབ་མིའི་ནང་ འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་གྱིས་ མ་འོངས་པ་ནང་ དེ་བཟུམ་མའི་ལས་འཆར་ཅིག་བཙུགས་ནི་གི་འཆར་གཞི་ཡོདཔ་ཨིན་རུང་ འབྲུག་རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དེ་ལུ་གནང་བ་བྱིན་འོང་ག་དང་ མི་བྱིན་ནི་ཨིན་ན་ སླབ་མི་ཚུགས་སྦེ་ཟེར་ཨིནམ་ལས་ ད་ལྟོ་ ངེས་གཏན་སྦེ་ སླབ་མི་ཚུགས་སྦེ་ཟེར་ཨིན་མས།

འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་གྱི་ ཡིག་ཚང་ལས་བྱེདཔ་གིས་ སླབ་མིའི་ནང་ འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་གྱིས་ ཤེས་རིག་སྐྱིན་འགྲུལ་ བྱིན་དོ་ཨིན་རུང་ དངུལ་ཁང་གཞན་མི་གིས་ བྱིན་དོ་བཟུམ་སྦེ་མེན་ཟེར་ཨིན་མས།

འཕྲལ་ཁམས་ཅིག་ཁར་ ཤེས་རིག་སྐྱིན་འགྲུལ་བཀག་ཆ་འབད་དེ་ སྟབས་མ་བདེཝ་འཐོན་སྡོད་མི་ ན་གཞོན་གཅིག་གིས་སླབ་མིའི་ནང་ ཁོ་གིས་ སྒེར་གི་ དངུལ་སྐྱིན་འགྲུལ་བྱིན་མི་ཚུ་ལས་ སྐྱིན་འགྲུལ་འཚོལ་བར་འགྱོ་དོ་ཨིན་རུང་ ཁོང་གིས་ཁོང་དངུལ་བསྐྱི་མ་གཏང་མི་མེན་ཟེར་སླབ་དོ་ཡོདཔ་ད་ བྱིན་མི་ཚུ་གིས་ ཡང་ སྐྱེད་མཐོ་དྲགས་སྦེ་ལེན་མས་ཟེར་ཨིན་མས། དེ་ལུ་ བསྐྱི་མའི་སྐྱེད་ཁ་དང་ སྐྱིན་ཚབ་འདི་སྤྲོད་ཚུགས་ནི་བཟུམ་སྦེ་ཐོང་རུང་ བར་ན་དཔང་པོ་བཙུགས་དགོ་ དོ་ཨིནམ་ལས་ དཔང་པོ་སྦེ་འཛུལ་མི་དཀོན་སུ་ཅིག་འཐོནམ་ལས་ དངུལ་སྐྱིན་འགྲུལ་ལེན་མི་ཚུགས་སྦེ་ཟེར་ཨིན་མས།

དེ་ལས་ ཨོས་ཏྲི་ལི་ཡ་ལུ་ ཤེས་ཡེན་སྦྱོང་བར་འགྱོ་མི་ཚུ་ལུ་ ཁོང་གི་ སློབ་ཡུན་གྱི་དུས་ཚོད་རན་དོ་ཨིནམ་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་ཚད་འཛིན་གྱིས་ ཤེས་རིག་སྐྱིན་འགྲུལ་བྱིན་དེ་འབད་རུང་ དུས་ཚོད་གུ་ཚགས་ཁར་མི་ཚུད་ནི་ཨིནམ་ལས་ ཚ་གྱང་ལང་དགོ་པའི་གཞི་ལུ་གྱུར་ཡོདཔ་ད་ རེ་བ་བརླག་དོ་ཟེར་ ཨིན་མས།

འབྲུག་དངུལ་ལས་དབང་འཛིན་གྱིས་ ༢༠༡༦ ལོ་ལུ་ སྒེར་གིས་དངུལ་སྐྱིན་འགྲུལ་བྱིན་ནི་གི་དནང་བ་བྱིན་དེ་ཡོད་རུང་ ཁོང་ར་གིས་ དངུལ་སྐྱིན་འགྲུལ་གཏང་མི་ སྦེ་མི་བརྩི་བས་ཟེར་ཨིན་མས། ཨིན་རུང་ན་གཞོན་ཚུ་གི་མཐོང་སྣང་ལུ་ རྒྱུ་ནོར་ཡོད་མི་ཚུ་གིས་འབད་བ་ཅིན་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ ག་དེ་འབད་རུང་ ལེན་མས་ཟེར་ཨིན་མས།

དེ་ལས་ ན་གཞོན་ལ་ལུ་གིས་འབད་བ་ཅིན་ ཨོས་ཏྲི་ལི་ཡ་ལུ་སྡོད་མི་ ཁོང་རའི་སྤུན་ཆ་དང་ ཉེ་ཚན་ཚུ་ལས་རྒྱབ་སྐྱོར་འཚོལ་དོ་ཡོདཔ་ད་ རྒྱབ་སྐྱོར་མེད་མི་ཚུ་ གིས་འབད་བ་ཅིན་ གོང་ཚད་འབོར་ཆེ་ཏོག་ཏོ་སྦེ་མ་འཐོབ་རུང་ རང་སོའི་ས་གཞི་ཚུ་བཙོང་ནིའི་གནས་སྟངས་ཤར་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སངས་རྒྱས་རབ་བརྟན།