འབྲུག་གོང་འཕེལ་དངུལ་ཁང་གིས་ མི་སྡེའི་གོང་འཕེལ་སྐྱིན་འགྲུལ་འགོ་བཙུགས་ནི་ཨིནམ།

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ ལས་འགོ་བཙུགས་ འབྲུག་གོང་འཕེལ་དངུལ་ཁང་གིས་ མི་སྡེའི་གོང་འཕེལ་གྱི་དོན་ལུ་ སྐྱིན་འགྲུལ་ཆུང་བ་བྱིན་ནི་འགོ་བཙུགས་ནི་ཨིན་མས། དེ་ཡང་ གྲོང་གསེབ་ཀྱི་མི་སྡེའི་ནུས་ཤུགས་དང་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཐབས་ལམ་གཉིས་ཀྱི་ཐོག་ལས་ སྦུང་ཚོང་དང་ཚོང་པ་ཆུང་བ་ཚུ་ལུ་སྐྱིན་འགྲུལ་ལས་རིམ་འགོ་བཙུགས་ཨིན་མས།

སྦུང་ཚོང་སྐྱིན་འགྲུལ་གྱི་དབྱེ་ཁག་ནང་ སྐྱིན་འགྲུལ་ཉུང་སུ་སྦེ་ལེན་མི་ཚུ་ལུ་སྐྱིན་འགྲུལ་བྱིན་ནིའི་དོན་ལུ་ དང་འདོད་ཅན་གྱི་དངུལ་འབྲེལ་གཙུག་སྡེ་ཚུ་གིས་ལེན་ཆོག་ནི་ཨིན་མས། ཚོང་པ་ཆུང་བའི་སྐྱིན་འགྲུལ་དབྱེ་ཁག་དེ་ འབྲུག་གོང་འཕེལ་དངུལ་ཁང་གིས་ ཐད་ཀར་དུ་གཡུས་ཁའི་སྐྱིན་འགྲུལ་ལེན་མི་ཚུ་ལུ་བྱིན་ནི་ཨིན་མས།

འབྲུག་གོང་འཕེལ་དངུལ་ཁང་གི་བཀོད་ཚོགས་ཀྱིས་ དངུལ་ཀྲམ་ས་ཡ་གཅིག་ སྦུང་ཚོང་བ་གི་དོན་ལུ་ སྐྱེད་བརྒྱ་ཆ་ ༢༥ དང་ ཚོང་པ་ཆུང་བའི་དོན་ལུ་ སྐྱེད༌བརྒྱ༌ཆ༌༧༥ སྦེ་ ལོ་ལྔའི་དོན་ལུ་ སྐྱིན་འགྲུལ་བྱིན་ནི་ཨིན་མས། ཨིན་རུང་དངུལ་ཁང་གི་བཀོད་ཚོགས་ཀྱིས་འབད་བ་ཅིན་ ཡར་འཕེལ་དང་མཁོ་འདོད་དང་འཁྲིལ་ཏེ་ ལས་རིམ་ནང་རྒྱབ་སྐྱོར་འབད་ནི་དོན་ལུ་ སྐྱིན་འགྲུལ་མ་དངུལ་ཡར་སེང་འབད་ནི་ཨིན་ཟེར་བཀོད་ཡོདཔ་ཨིན་མས།

ཚོང་པ་ཆུང་བ་ཚུ་ལུ་སྐྱིན་འགྲུལ་ལས་རིམ་འོག་ལུ་ མི་སྡེའི་གོང་འཕེལ་སྐྱིན་འགྲུལ་འདི་ གྲོང་གསེབ་ནང་ལས་ཕར་ མི་སེར་ཚུ་ སོ་ནམ་དང་སྒོ་ནོར་ ནགས་ཚལ་ དེ་ལས་གཞན་ ནང་བཟོ་དང་འབྲེལ་བའི་ལས་སྣ་ཚུ་གི་དོན་ལུ་ གཏའ་མ་བཙུགས་མ་དགོ་པར་བྱིན་ནི་ཨིན་མས།

མི་སྡེའི་གོང་འཕེལ་སྐྱིན་འགྲུལ་ཡང་ གོང་འཕེལ་ལས་སྣའི་རེ་འདོད་ཡོད་རུང་ རྒྱུ་དང་བུངས་མེད་མི་ཚུ་ལུ་ ཧེ་མའི་སྐྱིན་འགྲུལ་ཐབས་ལམ་ལས་ལྷག་སྟེ་ གྲོང་གསེབ་ཀྱི་མི་སེར་ཚུ་ལུ་རྒྱབ་སྐྱོར་འབད་ནི་དོན་ལུ་ཨིན་མས། སྐྱིན་འགྲུལ་ལས་རིམ་ཡང་ དང་འདོད་ཅན་གྱི་མི་ངོམ་གེ་རའི་དོན་ལུ་ སྒོ་སྐབས་ལེན་ཆོག་པའི་ལས་རིམ་ཅིག་ཨིན་མས།

འབྲུག་གོང་འཕེལ་དངུལ་ཁང་གི་ སྐྱིན་འགྲུལ་འགོ་དཔོན་བློ་བཟང་དོན་གྲུབ་ཀྱིས་སླབ་མིའི་ནང་ མི་སྡེའི་གོང་འཕེལ་སྐྱིན་འགྲུལ་ལས་རིམ་འགོ་བཙུགས་དགོ་པའི་གམིགས་ཡུལ་གཙོ་བོ་ར་ མི་སེར་སོ་ནམ་ཚུ་ ཁོང་རའི་སོ་ནམ་དང་སྒོ་ནོར་ལས་བརྟེན་པའི་ལས་སྣ་ཡར་རྒྱས་གཏང་ནི་བློ་འདོད་ཡོད་རུང་ མ་དངུལ་མེད་པར་དཀའ་ངལ་འཐོན་ཡོད་མི་ཚུ་གི་ དཀའ་ངལ་བསལ་ནིའི་དོན་ལུ་ཨིན་ཟེར་བཤད་ཅི། སྐྱིན་འགྲུལ་འགོ་དཔོན་གྱིས་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ སྐྱིན་འགྲུལ་ལེན་ནི་མནོ་བསམ་ཡོད་རུང་ གཏའ་མ་བཙུགས་དགོབ་ལས་ཐོགས་ལུས་ནུག་ཟེར་ཨིན་མས། དེ་འབདཝ་ལས་ མི་སྡེའི་གོང་འཕེལ་སྐྱིན་འགྲུལ་འདི་ གཏའ་མ་བཙུགས་དགོ་པའི་གདོང་ལན་མེད་པར་ རྒྱབ་སྐྱོར་འབད་ཚུགས་ནི་ཨིན་མས།

མི་སྡེའི་གོང་འཕེལ་སྐྱིན་འགྲུལ་འགྲུལ་ཡང་ གཏའ་མ་བཙུགས་མ་དགོ་པའི་སྐྱིན་འགྲུལ་ཨིནམ་ལས་བརྟེན་ དངུལ་སྐྱེད་ཡང་ བརྒྱ་ཆ་ ༡༥ སྦེ་བཞག་ཡོདཔ་ཨིནམ་ད་ སྐྱིན་འགྲུལ་ཡང་དངུལ་ཀྲམ་མཐོ་ཚད་ འབུམ་ ༥ ཚུན་ཚོད་ལེན་ཆོག་ནི་ཨིན་མས། སྐྱིན་འགྲུལ་འདི་ དམིགས་གཏད་བསྐྱེད་དོ་བཟུམ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ སྐྱིན་འགྲུལ་འཐོབ་དགོ་པའི་ཁྱད་ཚད་འདི་ སྐྱེ་ལོ་ ༡༨ ཡན་ཆད་ཨིན་མི་ འབྲུག་པའི་མི་ངོམ་ཨིན་མི་ སློབ་ཕྲུག་ དགེ་སློང་ དངུལ་ཕོགས་ལེན་མི་ སྐྱིན་འགྲུལ་མ་བཏབ་མི་ཚུ་ མི་འཐོབ་ནི་ཨིན་མས། སྐྱིན་འགྲུལ་ཡང་ འོད་འབབ་ལྡན་པའི་ ལས་འགུལ་ཡོད་མི་ཚུ་ལེ་རྐྱངམ་གཅིག་སྤྲོད་ནི་ཨིནམ་ད་ ཁྱིམ་གུང་པ་གཅིག་ལས་ མི་ངོམ་གཅིག་རྐྱངམ་གཅིག་གིས་འཐོབ་ནི་ཨིན་མས།

སྐྱིན་འགྲུལ་ལེན་མི་ཡང་ བརྒྱ་ཆ་ ༤༢ དེམ་ཅིག་ ཨམ་སྲུ་ཡོདཔ་ལས་ གྲོང་གསེབ་ཀྱི་ཨམ་སྲུ་ཚུ་ལུ་རྒྱབ་སྐྱོར་འབད་བཞིནམ་ལས་མི་སྡེའི་གོང་འཕེལ་ཡར་རྒྱས་གཏང་ནི་ལུ་འབད་བརྩོན་ཅིག་ཨིན་ཟེར་ འབྲུག་གོང་འཕེལ་དངུལ་ཁང་གི་གནས་ཚུལ་གསལ་བཏོན་ནང་བཀོད་ཡོདཔ་ཨིན་མས། སྐྱིན་འགྲུལ་འགྲུལ་གྱིས་ གྲོང་གསེབ་ཀྱི་ལྕོགས་གྲུབ་ཅན་གྱི་མི་ངོམ་ཚུ་དངུལ་འབྲེལ་གྱི་དཀའ་ངལ་བསལ་ཐོག་ རྒྱལ་ཁབ་ཀྱི་ཡར་རྒྱས་ཀྱི་དོན་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།