འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་དང་པ་ཚོགས་ཡོདཔ།

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་དང་པ་ཚོགས་ཡོདཔ།

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་དང་པ་འདི་ སྤྱི་ལོ་ ༢༠༢༤ ཟླ་དང་པའི་ཚེས་ ༢༥ ལུ་ཚོགས་ཡོདཔ་ཨིན་མས།
ཞལ་འཛོམས་ནང་ ཡོངས་ཁྱབ་དྲུང་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཞལ་འཛོམས་དང་པ་ཚོགས་དགོ་པའི་ བཀའ་ཤོག་གནང་ཡོད་མི་དེ་ ཚོགས་དམངས་ལུ་ལྷག་ཕུལ་ཡོདཔ་ཨིན།
བཙག་འཐུ་ལས་གྲུབ་ཡོད་པའི་རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེའི་ གསེར་ཁྲི་གུར་ཕྱག་དབང་བཅར་བཞིནམ་ལས་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་གསརཔ་ཚུ་གིས་ སྤྱི་ཚོགས་ཀྱི་འཐུས་མིའི་ གོ་གནས་ལེན་པའི་བརྡ་མཚོན་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་གནང་ཡོད་པའི་ ཕྱག་ཤན་དང་ འགན་རྟགས་བཏགས་ཞིནམ་ལས་ ན་བཟའ་སོར་ཡོདཔ་ཨིན་མས།
དེ་ལས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་རྩིས་ཞིནམ་ལས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ཟུར་དེབ་གསུམ་པ་དང་འཁྲིལ་ འབྲུག་གི་ཁྲིམས་སྤྱི་བློན་པོ་གིས་ འཐུས་མི་ཚུ་གི་ གོ་གནས་ཀྱི་དམ་བཅའམ་ ངོས་ལེན་གྱི་འགན་འཛིན་མཛད་གནང་ཡོདཔ་ཨིན་མས།
འདེམས་ངོ་ཚུ་གིས་ སྤྱི་ཚོགས་ཀྱི་འཐུས་མིའི་འགན་འཁུར་ཞུ་བའི་བརྡ་མཚོན་ལུ་ གོ་གནས་ཀྱི་དམ་བཅའི་གུར་ རང་སོའི་ལག་བྲིས་བཀོད་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་འཁོད་ཡོད་པའི་ སྲིད་བྱུས་གཞི་རྩ་ཚུ་བསྲུང་ནི་དང་ ཕྱག་ཕྱིད་ཞུ་ནི་ཟེར་བའི་ ཁས་ལེན་ཕུལ་ཡོདཔ་ཨིན།
འཐུས་མི་ཚུ་གི་གྲལ་ལས་ དམངས་གཙོའི་ལམ་ལུགས་དང་བསྟུན་ རྒྱལ་ཡོངས་ཚོགས་འདུ་དང་ འབྲུག་གི་སྤྱི་ཚོགས་ཀྱི་དབུ་ཁྲིདཔ་ ཚོགས་དཔོན་བཙག་འཐུ་འབད་ཡོདཔ་ཨིན།
ཚོགས་དཔོན་གྱི་བཙག་འཐུ་ནང་ པཱན་སྦང་འདེམས་ཁོངས་ཀྱི་འཐུས་མི་ ལུང་བསྟན་རྡོ་རྗེ་གིས་ རྒྱན་བསྡོམས་ ༤༧ ནང་ལས་ དགོ་ཟེར་བའི་རྒྱན་གྲངས་ ༤༦ དང་ མི་དགོ་ཟེར་བའི་རྒྱན་གྲངས་ ༡ ཐོབ་སྟེ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་སྦེ་བཙག་འཐུ་གྲུབ་ཡོདཔ་ཨིན།
ལུང་བསྟན་རྡོ་རྗེ་གིས་ ལོ་བཅུ་ཕྲག་༣ གྱི་རིང་ ཞི་གཡོགཔ་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོདཔ་བཞིན་དུ་ སྲིད་བྱུས་བརྩམ་ནི་དང་ གཞུང་སྐྱོང་ དེ་ལས་ མི་སྡེ་གོང་འཕེལ་གཏང་ནི་ནང་ རྒྱ་ཁྱབ་ཆེ་བའི་ མཁས་མཆོག་ཅིག་ཨིན་པས།
དེ་ལས་ བསམ་རྩེ་བཀྲིས་ཆོས་གླིང་འདེམས་ཁོངས་འཐུས་མི་སངས་རྒྱས་མཁའ་འགྲོ་གིས་ རྒྱན་བསྡོམས་ ༤༧ ལས་ དགོ་ཟེར་བའི་ རྒྱན་གྲངས་ ༤༠ དང་ མི་དགོ་ཟེར་བའི་ རྒྱན་གྲངས་ ༧ ཐོབ་སྟེ་ ཚོགས་དཔོན་འོགམ་སྦེ་ མང་མོས་ཀྱིས་ཐོག་ལས་ བཙག་འཐུ་གྲུབ་ཡོདཔ་ཨིན།
ཚོགས་དཔོན་འོགམ་ སངས་རྒྱས་མཁའ་འགྲོ་གིས་ འབྲུག་གི་སྤྱི་ཚོགས་ནང་ ལོ་༢༢ ཀྱི་ ཉམས་མྱོང་ཡོདཔ་བཞིན་དུ་ བསམ་རྩེ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ རྒཔོ་ དེ་ལས་ སྤྱི་མི་འབད་བའི་ཁར་ རྩ་ཁྲིམས་ཆེན་མོའི་ཟིན་བྲིས་ཀྱི་ འཐུས་མི་ཡང་འབད་ཡོདཔ་ཨིན་པས། འཐུས་མི་གིས་ བེང་ཀཱོག་རང་ཙི་ གཙུག་ལག་མཐོ་རིམ་སློབ་གྲྭ་ལས་ ནང་དོན་རིག་པ་དང་ སྲིད་དོན་ དེ་ལས་ དཔལ་འབྱོར་ནང་ གཙུག་ལག་གཞི་རིམ་གྱི་ ཤེས་ཚད་སྦྱང་ཡོདཔ་ཨིན་མས།
རྒྱལ་ཡོངས་ཚོགས་འདུའི་དྲུང་ཆེན་ཡིག་ཚང་གི་ གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་དང་པ་ཚོགས་མི་དེ་གིས་ སྤྱི་ཚོགས་ཀྱི་གྲལ་གཏོགས་དང་འབྲུག་མི་ཚུ་གི་ ཞི་བདེ་སྒྲིང་སྒྲིང་བཟོ་ནིའི་ རིམ་པ་བཙུགས་ཨིན་ཟོར་བཀོད་དེ་འདུག
འཐུས་མི་ཚུ་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ རང་སོའི་བཙག་འཐུའི་ངོ་སྦྱོར་ལག་ཁྱེར་འདི་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ལུ་ཕུལ་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།