འབྲུག་གི་བློན་ཆེན་ རྒྱ་གར་ལུ་གཞུང་འབྲེལ་གཟིགས་སྐོར་ནང་བྱོན་ཡོདཔ།

འབྲུག་གི་བློན་ཆེན་ རྒྱ་གར་ལུ་གཞུང་འབྲེལ་གཟིགས་སྐོར་ནང་བྱོན་ཡོདཔ།

མི་སེར་དམངས་གཙོ་ཚོགས་པ་གིས་གཞུང་དབུ་བརྙེས་པའི་ཤུལ་ལས་ འབྲུག་གི་བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་ ༣ པའི་སྤྱི་ཚེས་ ༡༨ ཚུན་ཚོད་ རྒྱ་གར་རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར་ནང་ འགོ་དང་པ་བྱོན་ཡོདཔ་ཨིན་མས། གཟིགས་སྐོར་ཡང་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དམ་ཟབ་བཟོ་ནི་དང་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཉམ་འབྲེལ་ཐོག་ལས་འབད་དགོ་པའི་གནད་དོན་ཚུ་གི་སྐོར་ལས་ ལས་དོན་གསརཔ་ཚུ་བཟོ་ནི་དོན་ལུ་ཨིན་མས།

གཞུང་འབྲེལ་གཟིགས་སྐོར་ནང་ བློན་ཆེན་དང་གཅིག་ཁར་ ཕྱི་འབྲེལ་བློན་པོ་དི་ན་ནཐ་ཌུང་རྒྱལ་དང་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གི་བློན་པོ་རྣམ་རྒྱལ་རྡོ་རྗེ་དང་ ཨམ་བཀྲ་ཤིས་སྒྲོལ་མ་ དེ་ལས་ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གི་བློན་པོ་མགོནམ་ཚེ་རིང་དང་ གཞན་ཆེ་མཐོའི་འགོ་དཔོན་ཚུ་ཡོདཔ་ཨིན་མས།

དཔོན་ཁག་དང་འགོ་དཔོན་ཚུ་ ནིའུ་དེལ་ལི་ཨིན་དཱ་ར་གྷན་དི་རྒྱལ་སྤྱི་གནམ་གྲུ་ཐང་ནང་ རྒྱ་གར་གཞུང་གི་མངའ་སྡེ་བཟའ་སྤྱོད་ལས་འབྲེལ་གྱི་བློན་པོ་ ཨཤ་ཝི་ནི་ཆཝ་བེ་གིས་སྦེ་ བསུ་བ་འབདཡོདཔ་ཨིན་མས།

གཟིགས་སྐོར་དང་འབྲེལ་ བློན་ཆེན་གིས་ རྒྱ་གར་གི་ཕྱི་འབྲེལ་བློན་པོ་ཌོག་ཊར་ ཨེསི་ཤང་ཀར་དང་ དྲུང་ཆེན་ཝི་ནེ་མོ་ཧན་ཀ་ཊ་ དེ་ལས་ བི་ཇེ་པི་སྲིད་ཚོགས་ཀྱི་གཙོ་འཛིན་ཇེ་པི་ན་ཌ་ཚུ་དང་གཅིག་ཁར་མཇལ་ཕྲད་གནང་ཡོདཔ་ཨིན་མས། མཇལ་ཕྲད་སྐབས་ རྒྱལ་ཁབ་གཉིས་ཀྱི་མཐུན་ལམ་དམ་ཟབ་བཟོ་ནི་སྐོར་གསུང་གྲོས་གནང་ཡོདཔ་ཨིན་མས།

དེ་ལས་ དེ་གིས་ཤུལ་ལས་ བློན་ཆེན་གིས་ རྒྱ་གར་གྱི་སྲིད་བློན་ ན་རེན་དར་མོ་དྷི་དང་གཅིག་ཁར་མཇལ་ཕྲད་གནང་ཡོདཔ་ཨིན་མས། བློན་ཆེན་གཉིས་ཀྱི་མཇལ་ཕྲད་དེ་ དམིགས་བསལ་གྱི་རྒྱལ་ཁབ་གཉིས་ཀྱི་བར་ན་སྔར་ལས་ཡོད་པའི་མཐུན་ལམ་ཡོད་པའི་བརྡ་མཚོན་སྟོནམ་ཨིན་མས།

འབྲུག་གི་བློན་ཆེན་རྒྱ་གར་ལུ་གཟིགས་སྐོར་ནང་མ་འབྱོན་པའི་ཧེ་མར་ སྲིད་བློན་ ན་རེན་དར་མོ་དྷི་གིས་དབུ་ཁྲི་ཐོག་ ལྷན་རྒྱས་ཞལ་འཛོམས་ནང་ འབྲུག་བཟའ་སྤྱོད་དང་སྨྱོ་རྫས་དབང་འཛིན་དང་ རྒྱ་གར་གི་བཟའ་འཐུང་ཉེན་སྲུང་དང་ཚད་ལྡན་དབང་འཛིན་དང་གཅིག་ཁར་ཉམས་འབྲེལ་འབད་ནིའི་སྐོར་ལས་ཆ་འཇོག་འབད་ཡོདཔ་ཨིན་མས།

དེ་བཟུམ་སྦེ་ རྒྱ་གར་ལྷན་རྒྱས་གཞུང་ཚོགས་ཀྱིས་ རྒྱ་གར་གྱི་ནུས་ཤུགས་འཇོན་ཐང་བཀོད་འཛིན་དང་ འབྲུག་གི་ནུས་ཤུགས་ལས་ཁུངས་གཉིས་ཀྱི་བར་ན་ ནུས་ཤུགས་འཇོན་ཐང་དང་ཉམས་སྲུང་འབད་ནིའི་ནང་ ཆིངས་ཡིག་བཀོད་ནི་ཨིན་མས། ལས་རིམ་འདི་ནང་ རྒྱ་གར་གྱི་ནུས་ཤུགས་འཇོན་ཐང་བཀོད་འཛིན་རྒྱབ་སྐྱོར་ཐོག་ འབྲུག་གི་ས་ཤུགས་འཇོན་ཐང་ཡར་དྲག་གཏང་ནི་ཨིན་མས།

ཕྲལ་ར་ རྒྱ་གར་གྱི་སྲིད་བློན་ ན་རེན་དར་མོ་དྷི་ཡང་འབྲུག་ལུ་འབྱོན་ནི་ཨིན་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།