མི་སྡེ་ལྟ་བཤལ་གོང་འཕེལ་གཏང་ནི་དོན་ལུ་ མགྲོན་ཁྱིམ་གཞི་བཙུགས་འབད་ཡོདཔ།

མི་སྡེ་ལྟ་བཤལ་གོང་འཕེལ་གཏང་ནི་དོན་ལུ་ མགྲོན་ཁྱིམ་གཞི་བཙུགས་འབད་ཡོདཔ།

ཞལ་སྒང་རྫོང་ཁག་ བུ་ལི་རྒེད་འོག་ནང་ ནང་ཁོད་ཀྱི་ལྟ་བཤལ་དང་ མི་སྡེ་ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ ་ལྟ་བཤལ་པ་ཚུ་ལུ་ མགྲོན་ཁྱིམ་གྱི་ཞབས་ཏོག་བྱིན་ནི་འགོ་བཙུགས་ཡོདཔ་ཨིན་མས།

མགྲོན་ཁྱིམ་ཡང་ ནང་སྐོར་རྒཔོ་ སེང་གེ་དབང་ཕྱུག་གི་སླབ་མི་ནང་  སྤྱི་ལོ་ ༢༠༡༤ ལུ་ བུ་ལི་ལུ་རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གི་ཡིག་ཚང་ཅིག་འགོ་བཙུགས་པའི་སྐབས་ལུ་ ཚོགས་སྡེ་ཀྱི་ མི་སེར་དག་པ་ཅིག་ ལྟ་བཤལ་ནང་ ཕོབ་སྦྱིས་ཁ་ལུ་འཁྱིད་ཡོདཔ་ཨིན་མས། ལྟ་བཤལ་འགྱོ་མི་ཚུ་གིས་ བསམ་འཆར་དང་ཕོབ་སྦྱིས་ཁ་ལུ་ མགྲོན་ཁྱིམ་ཚུ་ཡོད་པའི་སྐོར་ལས་བཤད་ཡོདཔ་ཨིན་མས། 

འདི་གི་ཤུལ་ལས་ བཙག་འཐུ་ཐེངས་ ༢ པ་ནང་ ཁོ་རང་དམངས་མི་སྦེ་བཙག་འཐུ་གྲུབ་པའི་ཤུལ་ལས་ མགྲོན་ཁྱིམ་གཞི་བཙུགས་འབད་ནི་གི་རྒྱབ་སྐྱོར་ཚུགས་འཚོལ་ཡོདཔ་ཨིན་པས། སྤྱི་ལོ་ ༢༠༡༧ ལུ་ མི་སྡེ་ལས་ཚོགས་ཅིག་གིས་འབད་ རྒྱབ་སྐྱོར་གནང་པའི་ཤུལ་ལས་ཁོང་གིས་ སྤྲོ་བ་དང་ཐོ་ནང་བཀོད་མི་ མི་ ༡༤ དང་ ད་རུང་ ཕོབ་སྦྱིས་ཁ་ལུ་སྦེ་ མགྲོན་ཁྱིམ་གྱི་སྐོར་ལས་དང་ ལམ་ལུགས་ཚུ་ཧ་གོ་ནིའི་གི་དོན་ལུ་ ལྟ་བཤལ་ནང་འཁྱིད་ཡོདཔ་ཨིན་མས།

དེ་ལས་ཁོ་གིས་ མི་སེར་ཚུ་དང་ཅིག་ཁར་ ཞལ་འཛོམས་ཚོགས་བཞིནམ་ལས་ མི་སྡེ་ལྟ་བཤལ་གོང་འཕེལ་གཏང་ནི་དང་ ནང་ཁོད་ཀྱི་ལྟ་བཤལ་པ་ཚུ་གི་དོན་ལུ་ མགྲོན་ཁྱིམ་གཞི་བཙུགས་འབད་ནི་ལུ་ སྤྲོ་བ་དང་ དང་འདོད་ཡོད་མི་ཚུ་ཐོ་བཀོད་འབད་བཅུག་ཡོདཔ་བཞིན་དུ་ གུང་པ་ ༩༨ ཡོད་ས་ལས་ མི་ ༡༤ དེམ་ཅིག་གིས་ འགོ་བཙུགས་ནི་སྦེ་ ཐོ་བཀོད་འབད་ཡོདཔ་ཨིན་མས།

སེང་གེ་དབང་ཕྱུག་གིས་སླབ་མི་ནང་ མགྲོན་ཁྱིམ་བཟོ་བའི་སྐབས་ལུ་ དཀའ་ངལ་དང་གདོང་ལེན་ལེ་ཤ་རང་བྱུང་ཡི་ཟེར་བཤདཔ་ཨིན་མས། དེ་ཡང་ མི་སེར་ཚུ་གིས་ ལཱ་ཚུ་ག་ར་དང་ མ་དངུལ་གཞུང་ལས་འཐོབ་ནི་ཨིནམ་པའི་ རེ་བ་བསྐྱེད་སྡོད་མི་ཚུ་ འགྱུར་བཅོད་འབད་ནི་ལུ་དཀའ་ངལ་བྱུང་ཡོདཔ་ཨིན་མས།

མགྲིན་ཁྱིམ་འདི་ བུ་ལི་ལུ་གཞི་བཙུགས་དགོ་མི་དེ་ཡང་ ཡིག་ཚང་གི་ཞལ་འཛོམས་དང་མགྱོནམོ་ཚུ་ འོང་པའི་སྐབས་ལུ་དཀའ་ངལ་འབྱུང་ཡོདཔ་ལས་ མགྲོན་ཁྱིམ་གཞི་བཙུགས་ཚུགསཔ་ཅིན་ མི་སེར་ཁོང་རང་ལུ་ཕོན་པ་འོང་ནི་ཨིནམ་མ་ཚད་ བུ་ལི་འདི་རྒེད་འོག་ལྟེ་བ་ཨིན་པའི་ཁར་ གནས་ མཚོ་ཚུ་མཇལ་བར་འོང་མི་ཚུ་གི་དོན་ལུ་ སྟབས་བདེ་ནིའི་དོན་ལུ་གཞི་བཙུགས་ཡོདཔ་ཨིན་མས།

ད་རུང་ ནང་ཁོད་ལྟ་བཤལ་ཡར་དྲག་བཏང་ནི་ཚུ་དང་ ནང་ཁོད་ཀྱི་འོང་འབབ་བཟོ་དགོ་པ་ཅིན་ གོ་སྐབས་ཨིན་མས་ཟེར་ རྒཔོ་ཁོ་རང་ དམངས་མི་འབད་བའི་སྐབས་ལུ་ རྒེད་འོག་ལས་རྫོང་ཁག་ལུ་ ཞུ་བ་ཕུལཝ་བཞིན་དུ་རྒྱབ་སྐྱོར་འབད་ཡོདཔ་ཨིན་མས། རྫོང་ཁག་ལས་འབད་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ཞུ་བཞིནམ་ད་ རྒྱབ་སྐྱོར་འབད་བའི་ཤུལ་ལས་ ཁོང་མི་གྲངས་ ༡༤ འདི་ ཧཱ་ལུ་ལྟ་བཤལ་ནང་འཁྱིད་ཡོདཔ་ཨིན་མས།

ཁོང་ ༡༤ ལས་ འབྲུག་ལྟ་བཤལ་ཚོགས་སྡེ་ལས་ དབྱེ་ཞིབ་འབད་བའི་སྐབས་ལུ་ མི་ ༢ གིས་མཐར་འཁྱོལ་དེ་ ལག་ཁྱེར་ཐོབ་ཡོདཔ་ཨིན་མས། ལོ་ལྟར་བཞིན་དུ་ འབྲུག་ལྟ་བཤལ་ཚོགས་སྡེ་ལས་ དཔྱད་ཞིབ་འབད་བར་འོངམ་བཞིན་དུ་ ལག་ཁྱེར་ཐོབ་ཡོདཔ་ལས་ བསྡོམས་ཀྱི་ མི་ངོམ་ ༤ གིས་ ལག་ཁྱེར་ཐོབ་ཡོདཔ་ཨིན་མས། མི་ངོམ་ ༡༤ གེ་ར་ལུ་ ལག་ཁྱེར་མེད་རུང་ མགྲོན་ཁྱིམ་བཙུགས་སྟེ་ འོང་འབབ་བཟོ་དོ་ཡོདཔ་ཨིན་མས།

མགྲོན་ཁྱིམ་བཙུགས་དེ་ མི་སེར་ཚུ་ལུ་ ཕན་པ་སྦོམ་སྦེ་རང་བྱུང་ཡོདཔ་མ་ཚད་ ནང་འཁོད་ཀྱི་ལྟ་བཤལ་པ་ཡང་ གནས་དང་ མཚོ་མཇལ་བར་འོང་དོ་ཡོདཔ་ཨིན་མས། མི་སེར་ཚུ་གི་མགྲོན་ཁྱིམ་བཙུགས་ནི་དང་ རྒཔོ་ཁོ་རང་གི་འཆར་གཞི་ཚུ་ ག་ར་ལེགས་ཤོམ་སྦེ་ འགྱོ་ཚུགས་མི་དེ་ གཞུང་དང་ གཞན་ལས་སྡེ་ མི་སེར་ཚུ་གིས་རྒྱབ་སྐྱོར་གནངམ་ལས་ཨིན་ཟེར་བཤད་ཡོད་པའི་གནས་ཚུལ།         གནས་ཚུལ་དེ་ འབྲུག་ལུ་འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ལས་ རྒྱལ་སྤྱིའི་རང་བཞིན་གནས་སྟངས་ཀྱི་མཐུན་རྐྱེན་དང་ འབྲུག་ལུ་ ལྟ་བཤལ་ལས་ཁུངས་ཀྱི་ སྐྱེ་ལྡན་ལྟ་བཤལ་ལས་རིམ་ དེ་ལས་ འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱིས་ རྒྱབ་སྐྱོར་ཐོག་ལས་པར་སྐྲུན་འབདཝ་ཨིན།

སྒྲོལ་མ་ཡེ་ཤེས།