ཐིམ་ཕུག་ཁྲོམ་སྡེ་གིས་ རྐང་ལམ་བདའ་སྟེ་ ཚོད་བསྲེ་བཙོང་མ་ཆོག་མི་གི་ དང་ལེན་འབད་མི་ལུ་ཚོང་པ་ཚུ་སེམས་དང་མ་ལྡན་པ་ཡོདཔ།

ཐིམ་ཕུག་ཁྲོམ་སྡེ་གིས་ རྐང་ལམ་བདའ་སྟེ་ ཚོད་བསྲེ་བཙོང་མ་ཆོག་མི་གི་ དང་ལེན་འབད་མི་ལུ་ཚོང་པ་ཚུ་སེམས་དང་མ་ལྡན་པ་ཡོདཔ།

སྤྱི་ཟླ་༡༢ པའི་སྤྱི་ཚེས ༢༦ ལུ་ ཐིམ་ཕུག་ཚོད་བསྲེ་ཁྲོམ་ཁའི་ཚོང་རའི་ཕྱི་ཁར་ ཐིམ་ཕུག་ཁྲོམ་སྡེ་གིས་ རྐང་ལམ་བདའ་སྟེ་ ཚོད་བསྲེ་བཙོང་མ་ཆོག་མི་ལུ་ དང་ལེན་འབད་མི་ལུ་ ཚོད་བསྲེ་ཚོང་པ་ཚུ་སེམས་དང་མ་ལྡན་པ་ཡོདཔ་ཨིན་མས།

དེ་ཡང་ ཐིམ་ཕུག་ཁྲོམ་སྡེ་གིས་ རྐང་ལམ་བདའ་སྟེ་ ཚོད་བསྲེ་བཙོང་མི་ཚོང་པ་ཚུ་གིས་ ཚོད་བསྲེ་ཚུ་འཕྱོག་ཡོདཔ་ཨིན་མས། ཁྲོམ་སྡེ་གིས་ ཁྲིམས་གཅོད་ལག་བསྟར་འབད་བའི་སྐབས་ ཁྲིམས་ལུ་མ་གནས་མི་ལུ་ དོང་ལེན་འབད་ཡོདཔ་ཨིན་མས། དོང་ལེན་འབད་པའི་གློག་བརྙན་ཐུང་ཀུ་འདི་མི་སྡེ་བརྡ་བརྒྱུད་ནང་ཁྱབ་སྤེལ་སོང་ཡོདཔ་ཨིན་མས།

དེ་བཟུམ་མའི་ནད་དོན་ཡང་ ཐིམ་ཕུག་ཁྲོམ་སྡེ་གིས་ ཚོང་པ་ཚུ་གིས་ རྐང་ལམ་བདའ་སྟེ་ ཚོད་བསྲེ་བཙོང་མི་ཆོག་ཟེར་ ཁྲོམ་སྡེ་གི་མི་སྡེ་བརྡ་བརྒྱུད་ནང་གསལ་བསྒྲགས་འབད་བའི་ཤུལ་ལས་ཐོན་ཡོདཔ་ཨིན་མས། ཁྲོམ་སྡེ་གིས་འབད་ཅིན་ ས་ཁོངས་འདི་གཙང་ཏོག་ཏོ་བཞག་ཐབས་ལུ་དམིགས་སྟེ་ ཚོད་བསྲེ་ཚོང་པ་ཚུ་ སྦར་བི་ས་སྣུམ་འཁོར་ཊག་བཞག་སའི་ས་ཁོངས་སྤྲོད་ཡོདཔ་ཨིན་མས།

ཐིམ་ཕུག་ཁྲོམ་སྡེ་གིས་ མི་སྡེ་བརྡ་བརྒྱུད་ནང་ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༢༡ ལུ་ ཁྲོམ་གྱི་ རྐང་ལམ་བདའ་སྟེ་ ཐོན་སྐྱེད་ཚུ་བཙོང་མི་ཆོག་ཟེར་གསལ་བསྒྲགས་འབད་ཡོདཔ་ཨིན་མས། གལ་སྲིད་གསལ་བསྒྲགས་ལུ་མ་གནས་པ་ཅིན་ ཁྲོམ་སྡེ་གི་ ཁྲིམས་ལུགས་ལྟར་དུ་དང་ལེན་འབད་ནི་ཨིན་ཟེར་གསལ་བསྒྲགས་འབད་ཡོདཔ་ཨིན་མས།

ཨིན་རུང་ཚོང་པ་ཚུ་གིས་འབད་བ་ཅིན་ ཁྲོམ་སྡེ་གིས་སྤྲོད་མི་ས་གནས་འདི་བཙོང་སའི་ས་སྒོ་ལེགས་ཤོམ་ཅིག་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ཁོང་ཚོང་པ་སྤུ་ན་ཁ་དང་དབང་འདུས་ལས་འོངམ་ད་ར་ དེ་བཟུམ་འབདཝ་མས་ཟེར་ཨིན་མས། ཚོད་བསྲེ་འཕྱོག་མི་གིས་ གྱོང་རྒུད་ཕོག་ཡི་ཟེར་ཨིནམ་ད་ དེ་བཟུམ་མའི་དང་ལེན་གྱིས་ ཚོད་བསྲེ་ཚོང་པ་ཚུ་སེམས་དང་མ་ལྡན་པར་ཡོད་པའི་གནས་ཚུལ།

སངས་རྒྱས་རབ་བརྟན།